R328: རྡོ་རྗེ་གདན་གྱི་སྒྲུབ་མཆོད་དུས་བཞིའི་དཀྱིལ་འཁོར་དང་ཕྱག་ལེན་མཛད་པ་པོ་ཁ་གསལ་དང་བཅས་པ།

  • Pagination (Witness A): ༢བ
[A:༢བ] ཆོས་དབྱིངས་གསུང་བ་
སློབ་དཔོན་ཡེ་ཤེས་རྒྱ་མཚོ
རྣམས་ཡོད།
གཡོན་གྱི་སྦྲེངས་ཕུགས་མ་ལ། རྡོར་དབྱིངས་
བླ་མ་དམ་པ
དང་དཔལ་མཆོག། རྡོར་སེམས་གཉིས་
སློབ་དཔོན་ཡེ་ཤེས་རྒྱ་མཚོ
མདོ་མ་ལ་མི་འཁྲུགས་པ་
སློབ་དཔོན་ཡེ་ཤེས་རྒྱ་མཚོོ་
རྣམ་སྣང་མངོན་བྱང་། གཙུག་དགུ་
སློབ་དཔོན་ཡེ་ཤེས་རྒྱ་མཚོ
རྣམས་ཡོད། དྲིལ་བས་དལ་བཅུ་གཅིག ཀུན་རིག་མ་གཏོགས་གཞན་ཐམས་ཅད་བུ་སྟོན་རིན་པོ་ཆེའི་ལུགས་ཡིན། 12th Tibetan Month; mostly Bu lugs ཧོར་ཟླ་བཅུ་གཉིས་པ་རྒྱལ་གྱི་ཟླ་བ་ལ། རྡོ་རྗེ་ཕུར་པ་ལྷ་ཁྲ་ས་ལུགས་
མངོན་དཀྱིལ་གཉིས་ཀ་བླ་མ་དམ་པ
དང༌། གུར་གྱི་མགོན་པོ་ལྷ་བཅུ་གཉིས་དལ་
ཐེག་ཆེན་པ
ཡོད། Annual maNDala practice; total: 43 maNDalas ལོ་རེ་བཞིན་དལ་མི་འདྲ་བ་བཞི་བཅུ་རྩ་གསུམ་བཞེངས་པ་ཡིན། རྒྱུད་སྡེ་བཞི་གང་གང་ཡིན་ཞེས་པའི་ལན་དུ། བྱ་རྒྱུད་ནི། སྤྱན་རས་གཟིགས། དོན་ཡོད་བཞགས་པ། རྡོ་རྗེ་རྣམ་འཇོམས། གཟུངས་གྲྭ་ལྔ་ལ་སོགས་པ་ཡིན། སྤྱོད་རྒྱུད་ནི། རྣམ་སྣང་མངོན་བྱང་ལྟ་བུ། རྣལ་འབྱོར་རྒྱུད་ནི། རྡོར་དབྱིངས་དང༌། དཔལ་མཆོག་དང་། རྩེ་མོ་དང༌། ཀུན་རིག་ལ་སོགས་པ་ཡིན། རྣལ་འབྱོར་བླ་མེད་ལ་རིགས་ཀྱི་ཕ་རྒྱུད་ནི། གསང་བ་འདུས་པ། གཤིན་རྗེ་གཤེད་དམར་དང༌། དགྲ་ནག གདོང་དྲུག འཇིགས་བྱེད་ལ་སོགས་པ་ཡིན། མ་རྒྱུད་ནི། འཁོར་ལོ་བདེ་མཆོག་དང༌། གདན་བཞི་དང༌། མཧཱ་མ་ཡ་རྣམས་ཡིན། གཉིས་མེད་རྒྱུད་ནི། དུས་འཁོར་དང༌། ཀྱེེ་རྡོར་གཉིས་པོ་ཡིན། གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ་ནི། སྐུའི་མགོན་པོ། གསུངས་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། འཕྲིན་ལས་ཀྱི་མགོན་པོ་རྣམས་ཡིན། མགོན་པོ་ལྷ་བརྒྱད་ནི། གུར་གྱི་མགོན་པོ། ཨེ་ཀ་ཛ་ཊི། ལྷ་མོ་འདོད་ཁམས་མ། གནོད་སྦྱིན་ཡབ། གནོད་སྦྱིན་ཡུམ། པུ་ཏྲ། བྷ་ཊ། སྲིང་མོ་རྣམས་ཡིན། མགོན་པོ་ལྷ་བཅུ་གཉིས་ནི།