[A:7a]
ལྷོ་སྒོ་དང་པོ་བར་ཐོག་འགྲོ་ལམ་གསང་སྒོ།
སྒོ་གཉིས་པ་འཇིགས་བྱེད་ལྷ་ཁང་ནང་འཇིགས་བྱེད་ལྷ་བཅུ་གསུམ་གཙོ་བོར་བྱས་པའི་ཡི་དམ་རྡོ་རྗེ་གཞོན་ནུ། དཀར་བདུད་ཕུར་གསུམ། ཡང་དག་ཁྲག་འཐུང།
སྒོ་གསུམ་པ་ཚོགས་ཁང། སྒོ་བཞི་པ་ཇ་སྒོ། སྒོ་འཕྱོར་སྦུག་མར་རྒྱལ་ཆེན་རིགས་བཞི་ཐོག་ཚད་མ། སྒོ་འཕྱོར་ཕྱི་མར་སྒོ་བསྲུང་ཁྲོ་བོ་གཉིས་དང། འཇམ་དབྱངས། ཛམྦྷ་ལྷ། སྲིད་པའི་འཁོར་ལོ། རི་རབ་གླིང་བཞི། ༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ལྔ་པ་རིན་པོ་ཆེའི་བཅའ་ཡིག་དང། རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་གྱི་བཅའ་ཡིག གཙུག་ལག་ཉམས་གསོའི་སྐབས་ཕུལ་དུ་བྱུང་བའི་སྦྱིན་བདག་སོ་སོའི་ཕུལ་མཇལ་བཅས་ཡོད། སྒོ་འཕྱོར་སྟེང་ལི་མ་ལྷ་ཁང་ནང་རྡོ་རྗེ་གདན་པ་ཆེན་པོའི་འདྲ་སྐུ་ལི་མ་དང། རྫི་ཁྱིམ་གྱི་སྐུ་རྙིང་མ་བརྒྱད་ཅུ་སྐོར་དང། མཆོད་རྟེན་བཟོ་དབྱིབས་འདྲ་མིན་འགའ་ཤས། ས་སྐྱ་བཀའའབུམ་དང་ལམ་འབྲས་