R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 5a
[A:5a]ནས་ད་བར་ལོ་ལྔ་བརྒྱ་ལྷག་ཙམ་སོང་བ་དང། གཙུག་ལག་ཁང་གི་བཟོ་དབྱིབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདྲ་བ། ཕྱོགས་བཞིར་རྟ་བབས་མཚོན་པའི་བླུ་འབུར་དང། པདྨ་རྡོ་ར་མེ་རི་མཚོན་པའི་རྭ་བ་འདྲ་མིན་འགའ་ཤས། གཙང་ཁང་དབུས་མར་ཀ་བ་བཞི། གཙང་ཁང་གི་དབུས་སུ་ཐུབ་དབང་ཆེན་པོ་ཐོག་ཚད་མའི་དམིགས་བསལ་གྱི་གཟུངས་ལ་པཎ་ཆེན་གྷ་ཡ་དྷ་རའི་དབུ་ཐོད་ཡོད་པ་དང། འཁོར་ཉན་ཐོས་བཞི། ཉེ་བའི་སྲས་བརྒྱད། ཚངས་པ་དང་བརྒྱ་བྱིན། ཁྲོ་བོ་གཉིས་བཅས་དང། ཐུབ་དབང་ཆེན་པོའི་སྐུ་མདུན་གྱི་གཡས་གཡོན་གཉིས་ལ། ཡབ་ཟས་གཙང་དང་ཡུམ་རྒྱུ་འཕྲུལ་ལྷ་མོ་བཅས་བཞུགས་སོ། ། བར་ཐོག་ལ་ཀ་བ་བརྒྱད་ཡོད་པ། རྡོ་དབྱིངས་ལྷ་ཁང་ནང་གྱང་ལྡེབས་ལྡེབས་བྲིས་དང་ལྷ་སྐུའི་ཞི་ཁྲོ་? གར་འགྱིང་གདན་ཁྲི་སྐུ་མདོག་ཕྱག་འཚལ་བ་བཞུགས་སྟངས་སོགས་དཀྱིལ་འཁོར་ནང་ཇི་ལྟ་བ་བཞིན་འདོན་བྱ་དང་མཚུངས་པ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་