R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 5b
[A:5b]འཁོར་དངོས་སུ་མཇལ་བ་དང་འདྲ་བའོ། །དེའི་སྟེང་བླ་མ་ལྷ་ཁང་ཀ་བ་བཅུ་དྲུག་དབུས་སུ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་སྐུ་དམར་གདུང་?བཞུགས་ཡོད་པའི་གསེར་གདུང་རིན་པོ་ཆེ་ཐོག་ཚད་མ་ལ་བརྗོད་ལས་འདས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲ་རྒྱན་བཀོད་པ་སྒོ་ཁྱིམ་ལ་གཡུ་བྱུར་མ་ཏིག་གི་དྲྭ་བ་དྲྭ་ཕྱེད་ཕྲེང་རྫར་བརྒྱན་པ། སྒོ་ཁྱིམ་གྱི་སྟེང་དུ་དཔལ་གཡུ་ཟེར་བ་གསེར་གྱི་ཐོ་གང་ཙམ་གྱི་བཞེངས་ཚད་ལ་སྒོར་དབྱིབས་སུ་ཡོད་པ་ལ་གཡུ་ཁྲས་བརྒྱན་པ་གསུམ་བརྩེགས། གསེར་གདུངས?་ཆེན་པོའི་སྐུ་མདུན་དུ་ཙན་དན་དམར་པོའི་བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་?བརྒྱད་ལ་གྲང་གསེར་གྱིས་བརྒྱན་པ། མཐའ་སྐོར་དུ་གཙོ་བོ་རྡོ་རྗེ་འཆང་ནས་ལམ་འབྲས་བརྒྱུད་པའི་བླ་བརྒྱུད་ཆ་ཚང་ལ་ས་བྱེ་མ་ཨ་བྲོང་གཟུངས་བཞུགས་སུ་ཕུལ་ཡོད་པ། དུས་བཞི་གང་ལའང་རྡུལ་གྱི་དྲི་མ་མི་བཞེས་པ། ས་སྟེང་ན་ཧ་ཅང་མཇལ་རྒྱུ་དཀོན་པ་བྱིན་རླབས་?དང་ངོ་མཚར་ཁྱད་དུ་འཕགས་པ་ཞིག་ཡོད། དེ་འབྲེལ་ཇོ་བོ་རྗེ་དཔལ་ལྡན་ཨར་ཏི་ཤའི་འདྲ་སྐུ་ལི་མ་དེས་གཙོ་བྱས་