R344: རྡོ་རྗེ་གདན་པའི་བུ་ཆེན་སློབ་རྒྱུད་རྣམས་ཀྱི་སྐུ་བསྟོད།

  • Pagination (Witness A): 74
[A:74]།དབང་དང་རིམ་གཉིས་ཟབ་མོའི་འགྲོས། །འཕྲིན་ལས་རྣམ་བཞིས་འགྲོ་ཀུན་སྐྱོངས། །ཡེ་ཤེས་ལྔ་ལྡན་ལ་ཕྱག་འཚལ། །
མང་ཐོས་དབང་ཕྱུག་རྒྱལ་མཚན་
མང་ཐོས་དབང་ཕྱུག་རྒྱལ་མཚན་མཁས་པའི་རྗེ། །རྒྱ་ཆེན་ཆོས་ཀྱི་མིག་སྟོང་རབ་ཡངས་པ། ཁྱོད་ཉིད་ཡོངས་རྫོགས་ཐུབ་པའི་བསྟན་པ་འདིར། །མཐའ་ཡས་འགྲོ་བའི་དོན་མཛད་ཞབས་ལ་འདུད། །
སྣང་གསལ་བ་
སངས་རྒྱས་ཆོས་དང་དགེ་འདུན་འདུས་པའི་སྐུ། །ལེགས་བཤད་ཆོས་ཀྱི་ཚངས་དབྱངས་སྒྲོག་པའི་གསུང༌། །སྒྲུབ་པའི་དབང་ཕྱུག་ཐུགས་རྗེས་འགྲོ་བ་རྣམས། །འདྲེན་མཆོག་བླ་མ་དམ་པའི་ཞབས་ལ་འདུད། །
རྡོ་རྗེ་གླིང་པ་
རབ་དཀར་གངས་རིའི་ཁྲོད་འདིར་སྐྱེ་དགུ་ཡིས། །རབ་མཛེས་གཙུག་གི་རྒྱན་གྱུར་ས་སྐྱ་པའི། །རབ་མང་ལུང་རིག་མན་ངག་དུ་མའི་མཛོད། །རབ་འབྱམས་བསྟན་པའི་བདག་པོ་དེ་ལ་འདུད། །
ནམ་མཁའ་མཛོད་རྡོ་རྗེ་བློ་གྲོས་
བསླབ་གསུམ་རྣམ་དག་གསེར་གྱི་དྲ་བས་སྤྲས། །རྡོ་རྗེ་ཐེག་ལ་བློ་གྲོས་ལུས་སྟོབས་རྒྱས། །དྲི་མེད་སངས་རྒྱས་བསྟན་པའི་ཁུར་འཛིན་པའི། །ཡང་དག་བླ་མ་མཆོག་ལ་གསོལ་བ་འདེབས། །
གྲ་ཐང་མཁན་ཆེན་བསོད་ནམས་རྒྱལ་པོ་
བསོད་ནམས་ཡེ་ཤེས་རྒྱ་མཚོ་སྐྲུན་པའི་སྐུ། །རྒྱལ་བའི་གསུང་རབ་དབང་རྒྱུད་མང་ངག་གཏེར། །ཐུགས་རྗེ་ཆེན་པོས་འགྲོ་རྣམས་སྐྱོང་མཛད་པའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །
གསེར་གླིང་པ་ཤཱཀྱ་བསམ་འགྲུབ་
ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞིར་གྱུར་པ། །ཤཱཀྱའི་བསྟན་པ་དྲི་མེད་རྒྱས་མཛད་ཅིང༌། །བདག་སོགས་བསམ་དོན་ཆོས་བཞིན་འགྲུབ་སྩོལ་བའི། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །
གསེར་གླིང་པ་བྱམས་ཤཱཀྱ་རྡོ་རྗེ་
ཐུབ་དབང་ཤཱཀྱའི་བསྟན་