R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥བ
[A:༥བ]པ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། ༈ །ཡང་བླ་མེད་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་ཐོག་མ་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ལྷད་མེད་དཔལ་རྡོ་རྗེ་གཞོན་ནུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཀའ་རྣམ་པར་དག་པ་སྨིན་རྒྱས་སུ་ཐོབ་པའི་རྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་སྟོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། ཁ་འུབ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་རྒྱལ། ཐེག་ཆེན་ཀུན་བཀྲས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྒྱ་དཀར་ཤེས་རབ་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། ༈ །ཡང་ན་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱི་རྗེས་སུ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། ཆོས་རྗེ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཆེན་པོ་མན་གོང་དང་