R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦ན
[A:༦ན]འདྲ། ཡང་ན་རྗེ་བཙུན་པ། གན་པ་སྟོན་དར། གན་པ་ཆོས་རྒྱལ། གན་པ་རིན་རྒྱལ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་གོང་དང་འདྲ། ཡང་ན་རྗེ་ས་པཎ། གློ་བོ་ལོ་ཙཱ་བ། འཕགས་པ། མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ་མན་འདྲའོ། །ཕུར་པ་རྩ་དུམ་གྱི་རྒྱུད་ཆོས་རྗེ་ས་སྐྱ་པཎྜི་ཏའི་འགྱུར། དཀྱིལ་མཆོག་ལས་རིམ་སློབ་དཔོན་པདྨས་མཛད་པ་དེ་ཉིད་དང་མཉམ་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། སྒྲུབ་ཐབས་བཀླགས་པས་དོན་གྲུབ། ས་ཆེན་གྱིས་མཛད་པའི་སྒྲུབ་ཐབས། ཕུར་པའི་སྒྲུབ་ཐབས་ཚིགས་བཅད་མ་རྗེ་བཙུན་པས་མཛད་པར་གྲགས་པ་རྣམས་ཐོས། ༈ །དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་རིང་རྒྱུད་ནི། སྤྱི་དང་འདྲ་ལ། ས་སྐྱ་པའི་གདུང་རྒྱུད་བར་ལ་མ་ཆད་པའི་ཉེ་རྒྱུད་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ། བླ་ཆེན་ཀུན་རྒྱལ། ཐེག་ཆེན་རིན་པོ་ཆེ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་དཀར་ཤེས་རབ་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། །དེས་བདག་ལའོ། ༈ །ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལན་གཉིས་ཐོབ་པའི་བརྒྱུད་པ་ནི་གསུང་ངག་དང་འདྲ་བས་འོག་ནས་འབྱུང་བ་ལྟར་ཡིན་ལ། ༈ །རྗེ་བཙུན་རྡོ་རྗེ་བདག་མེད་མ་