R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢ན
[A:༢ན]པའི་འཇིག་རྟེན་ན་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པའི་སྟོན་མཆོག་ཐུབ་པ་ཆེན་པོའི་རྒྱལ་ཚབ་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བ་དམ་པའི་ཆོས་ཀྱི་བདུད་རྩི་ཇི་ལྟར་ཐོས་པའི་ཚུལ་མདོ་ཙམ་ཞིག་བརྗོད་ན། ཐོག་མར་བསྟན་པའི་རྩ་བ་སོ་སོར་ཐར་པ་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་ཚུལ་ནི། འཕགས་པའི་ཡུལ་ན་སིངྒ་ལ་ཞེས་བྱ་ཞིང་། རྒྱ་ནག་ལུགས་ལ་དམར་སེར་ཅན་དུ་གྲགས་པ་མེ་མོ་སྦྲུལ་གྱི་ལོ་ནག་པ་ཟླ་བའི་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་ཆ་ལ་བབས་པ་ན། དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་སྤྲོ་བ་དང་། བསྡུད་པའི་བྱེད་པ་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྒྱལ་བ་གཉིས་པ་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་གྱི་དྲུང་དུ་མཁན་པོ་ཞུས་