R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢བ
[A:༢བ]ཤིང་། ལས་ཀྱི་སློབ་དཔོན་མཚུངས་མེད་ཆོས་ཀྱི་རྗེ་ཐུབ་བསྟན་རྣམ་རྒྱལ་གྱི་གདན་ས་པ་བཟོད་པ་རྒྱ་མཚོ་བ། གསང་སྟེ་སྟོན་པའི་སློབ་དཔོན་པ་མཁྱེན་རབ་ཀྱི་དབང་ཕྱུག་ཡངས་ཅན་གདན་ས་པ་ཆོས་ཀྱི་རྗེ་འཇམ་དབྱངས་ཆོས་བཟང་བ། གྲིབ་ཚོད་པ་གནས་བརྟན་འདུལ་བ་འཛིན་པ་གླིང་དགའ་ཟུར་འཆད་པ་ཆོས་རྗེ་ཆོས་སྐྱོང་རྡོ་རྗེ། དད་པའི་དགེ་འདུན་བཤེས་གཉེན་ཀུན་དགའ་ལྷུན་གྲུབ། ལུང་རིགས་སྨྲ་བ་ཀུན་དགའ་རྒྱལ་མཚན་ལ་སོགས་པ་ཁ་སྐོང་བར་འོས་པའི་དགེ་སློང་དུ་མ་དང་བཅས་པའི་དབུས་སུ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་གླིང་དགའ་བསམ་གཏན་ཕུག་གི་བླ་མ་གོང་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྣམས་ཀྱི་གཟིམ་ཕུག་ཆོས་ཀྱི་ཕོ་བྲང་ཆེན་པོ་ག་ལ་བ་དེར་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པའི་དབང་