R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦ན
[A:༦ན]ན་རྗེ་སེམས་དཔའ་ཆེན་པོ། གྲུབ་ཆེན་དཀོན་མཆོག་བློ་གྲོས། འཇམ་དབྱངས་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །ཡང་ན་འཇམ་དབྱངས་སངས་རིན། ས་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ།། ༈ །།དཔལ་འཁོར་ལོ་བདེ་མཆོག་གྲུབ་ཆེན་ལཱུ་ཧི་པ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ཐུན་མོང་མ་ཡིན་པ་ས་ལུགས་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ།
མདའ་འཛིན་ནམ་མདའ་བསྣུན་ཅེས་པའམ། ཡང་ན་ས་ར་མདའ། ཧ་ནི་བསྣུན་པའོ་ཞེས་ཤར་བ་རྡོ་རྗེ་འོད་ཟེར་གསུངས།
ཀླུ་སྒྲུབ། ཤ་ཝ་རི་པ། ལཱུ་ཧི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ།
ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། སྙན་གྲགས་བཟང་པོ། ན་རོ་པ། ཡེ་ཤེས་དངོས་གྲུབ། རྩ་བཤད་པ་རྣམས་ནཱ་རོ་པའི་མཚན་གྱི་རྣམ་གྲངས་ཡིན་ཟེར་ཏེ་དཔྱད་དོ། །
ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་བརྩེགས།
པྲཛྙཱ་ཀུ་ཌ།
མལ་ལོ་ཙ་བ་བློ་གྲོས་གྲགས་པ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། ཆོས་རྒྱལ་འཕགས་པ། ཞང་སྟོན། བྲག་ཕུག་པ། དེ་ལ་ཆོས་རྗེ་བླ་མ་དང་རི་ཁྲོད་པ་གཉིས་ཀས་གསན། དེ་གཉིས་ཀ་ལ་བླ་མ་དཔལ་ལྡན་པ། ཤར་ཆེན་ཡེ་རྒྱལ། ངོར་ཆེན། མུས་ཆེན། ཀུན་མཁྱེན། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་འཇམ་དབྱངས། རྗེ་དཔལ་ལྡན་རྒྱལ་པོ། རྗེ་བཟང་པོ་དཔལ། པཎ་ཆེན་ནམ་དབང་། རྗེ་ཆོས་དབང་། འཁོར་ལོ་སྡོམ་པ་