R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦བ
[A:༦བ]སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །ཡང་ན་རྗེ་འཇམ་དབྱངས། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། མུས་ཆེན་བུདྡྷའི་མཚན་ཅན་ལ་བདག་གིས་ཐོས་སོ། །ཡང་ན་མུས་ཆེན་གྱི་རྗེས་སུ། ཞ་ལུ་བ་སངས་རྒྱས་དཔལ་བཟང་། རྗེ་དཔལ་ལྡན་རྒྱལ་པོ་མན་འདྲའོ། །ཡང་བརྒྱུད་པའི་བཀའ་བབ་བདུན་ལྡན་ལྟར་ན། ཐོག་མར་ས་ལུགས་ཀྱི་བརྒྱུད་པ་ནི། ས་པཎ་ཡན་གོང་དང་འདྲ་བ་ལས། དེ་ནས་བསོད་ནམས་སེང་གེ
འུ་ཡུག་པ།
སངས་རྒྱས་འབུམ།
་དབུས་པ།
ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་ཆེན་གྲུབ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་ཞ་ལུ་བ་སངས་རྒྱས་དཔལ་བཟང་། མངའ་རིས་པཎ་ཆེན་དཔལ་ལྡན་རྒྱལ་པོ། ཆོས་རྗེ་བཟང་པོ་དཔལ་བ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་བཙུན་ཆོས་དབང་ཕྱུག འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །ཡང་ན། མུས་ཆེན་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་དཀོན་མཆོག་རྒྱལ་པོ། རྡོ་རྗེ་འཆང་བུདྡྷའི་མཚན་ཅན། དེས་བདག་ལའོ།། ༈ །།མར་དོ་ལུགས་ཀྱི་བརྒྱུད་པ་ནི།
བདེ་མཆོག་ཨུ་ཧི་པ་ལྷ་བཅུ་གསུམ་མའམ། ཡང་ན་བདེ་མཆོག་ལ་ལྭ་པ་ཡང་ཟེར།
ཡེ་ཤེས་ཀྱི་མཁའ་འགྲོ་མ། ཌེཾ་ཀི་པ། ལ་ལྭ་པ། ཨིནྡྲ་བྷུ་ཏི། ཀ་ཙ་ཊ་པ། དྲིལ་བུ་པ། ཛ་ལནྡྷ་རི་པ། ནག་པོ་པ། ཀུ་ཤ་ལ། ཏི་ལོ་པ། ནཱ་རོ་པ། མཱ་ན་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་