[A:༡༠ན]།མྱོས་ལྡན་ས་ཡོས་ལོ་འཁྲུངས་བུདྡྷ་ཤྲཱི།
དེ་ལས་དྲུག་གིས་གཞོན་པ།
།རྔ་ཆེན་ཆུ་བྱི་ལོ་འཁྲུངས་རྡོ་རྗེ་འཆང་།དེ་ལས་ཞེ་གསུམ་གྱིས་གཞོན་པ།
།རྣམ་བྱུང་ས་འབྲུག་ལོ་འཁྲུངས་མུས་པ་ཆེ།དེ་ལས་དྲུག་གིས་གཞོན་པ།
།ཁྲོ་བོ་ཤིང་གླང་ལོ་འཁྲུངས་དཀོན་མཆོག་འཕེལ།དེ་ལས་ང་བདུན་གྱིས་གཞོན་པ།
།དམར་སེར་མེ་སྦྲུལ་ལོ་འཁྲུངས་ལྷུན་གྲུབ་ཞབས།་དེ་ལས་ང་གཉིས་ཀྱིས་གཞོན་པ།
།རབ་མྱོས་ལྕགས་རྟ་ལོ་འཁྲུངས་དཀོན་རྒྱལ་བ།དེ་ལས་ལོ་བཅུ་གསུམ་གྱིས་གཞོན་པ།
།དགེ་བྱེད་ཆུ་སྟག་ལོ་འཁྲུངས་བུདྡྷའི་སངས་རྒྱས་རྒྱལ་མཚན།
མཚན།དེ་ལས་ལོ་སོ་གཉིས་ཀྱིས་གཞོན་པ།
།གསེར་འཕྱང་མེ་བྱ་ལོ་སྐྱེས་བདག་ལའོ།དེ་ལས་ལོ་ང་བཞིས་གཞོན་པ།
།དེ་ལྟར་ཀྱཻ་རྡོ་རྗེ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐབས་རྒྱུད་ཀྱི་ཐོག་མ་རྒྱུ་དུས་ཀྱི་དབང་བསྐུར་བ་དང་། ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་ཐབས་རྒྱུད་ཀྱི་གཙོ་བོ་ལམ་དུས་ཀྱི་དབང་དང་། རྗེ་བཙུན་རྡོ་རྗེ་བདག་མེད་མའི་ལུས་དཀྱིལ་གྱི་བྱིན་རླབས་དང་བཅས་པའི་བརྒྱུད་པ་ནི། བྲག་ཕུག་པ་ཡན་ཆད་གོང་དང་འདྲ་བ་ལས། དེ་ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། རི་ཁྲོད་པ་བློ་གྲོས་བརྟན་པ་གཉིས་ཀྱིས་གསན། དེ་གཉིས་ཀ་ལ་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། དེ་ནས་གྲུབ་ཆེན་བུདྡྷ་ཤྲཱི། བླ་མ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་ཆད་གོང་དང་འདྲའོ། །ཡང་ན་ཆོས་རྗེ་ས་པཎ། ཚོགས་བསྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བྲག་ཕུག་པ་བསོད་ནམས་དཔལ་མན་གོང་བཞིན། ཡང་ན་ཉན་ཆེན་པ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་པ། གྲུབ་ཆེན་བུདྡྷ་ཤྲཱི། བླ་མ་རྡོ་རྗེ་འཆང་། མུས་ཆེན་དཀོན་མཆོག་རྒྱལ་