R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]མཚན། དེ་གཉིས་ཆར་ལ་འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེང་གེ བླ་མ་ཕྱི་མ་དེ་ལྔ་ཆར་ལ་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །དབང་བྱིན་རླབས་དེ་རྣམས་ཀྱི་བརྒྱུད་པ་ལུགས་གཅིག་ནི་ས་སྐྱ་པཎྜི་ཏ། ཚོགས་བསྒོམ་པ། ཉན་ཆེན་པ། ཀུན་མཁྱེན་གངས་པ་གྲགས་པ་དཔལ།
སྤང་ཁང་པའང་ཟེར།
མ་ཏི་པཎ་ཆེན།
ཐེག་ཆེན་
ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། གུ་ཤྲཱི་ནམ་མཁའ་བཟང་པོ།
ཉི་ལྡེ་བ།
མཁས་གྲུབ་དཔལ་ལྡན་རྡོ་རྗེ་མན་གོང་བཞིན། ཡང་ན་ཆོས་རྗེ་ས་པཎ། གྲུབ་ཐོབ་ཡོན་ཏན་དཔལ། ལ་རུ་བ་བསོད་ནམས་སེང་གེ ཀུན་མཁྱེན་གངས་པ་མན་གོང་བཞིན། ཡང་ན་འཕགས་པ། ཞང་པ་བྲག་ཕུག་པ་ཆེན་པོ། བྲག་ཕུག་པ་དཀོན་རྒྱལ།
ས་སྐྱ
བུ་སྟོན་དབང་ཕྱུག་དར། ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་མན་གོང་བཞིན། ཡང་ན་བླ་མ་དཔལ་ལྡན་ཚུལ་ཁྲིམས་ཡན་ཆད་གཞན་དང་འདྲ་བ་ལ། དེ་ནས་བླ་མ་ནམ་མཁའ་དཔལ་བཟང་།
དེའི་དབོན་པོ།
གུ་ཤྲཱི་ནམ་མཁའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འདྲེན་མཆོག་རཏྣ་ཝརྡྷ། རྗེ་དཀོན་མཆོག་ལྷུན་གྲུབ་མན་གོང་བཞིན།། ༈ །།ཡང་ལུགས་གཅིག་ནི། མུས་ཆེན་ཡན་སྔར་དང་འདྲ་བ་ལས། ཁྲོ་མོ་ཤིང་འབྲུག་ལོ་འཁྲུངས་རྒྱལ་ཚབ་རྗེ།
དེ་ལས་ཉི་ཤུ་རྩ་དྲུག་གིས་གཞོན་པ།
།འཛིན་བྱེད་མེ་བྱི་ལོ་འཁྲུངས་ལེགས་འབྱུང་ཞབས།
དེ་ལས་སོ་གཉིས་ཀྱིས་གཞོན་པ།
།དམར་སེར་མེ་སྦྲུལ་ལོ་འཁྲུངས་དཀོན་ལྷུན་རྗེ།
དེ་ལས་ཞེ་གཅིག་གིས་གཞོན་པ།
།རྗེ་དཀོན་མཆོག་རྒྱ་མཚོ་མན་ཆད་