[A:༡༦ན]པའི་གདམས་ངག་གི་ཡིག་རྙིང་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་ལ། ཤནྟི་པའི་མདོ་རྒྱུད་བསྲེ་བ། ཤེས་རབ་འབྱུང་གནས་སྦས་པ་དང་། ཛྙཱ་ན་ཤྲཱི་དང་། རིན་ཆེན་རྡོ་རྗེ་གསུམ་གྱི་བར་ཆད་གསུམ་སེལ། ངག་དབང་གྲགས་པའི་གཉུག་མ་དྲན་གསལ། ནཱ་རོ་པའི་སྡུག་བསྔལ་གསུམ་སེལ་རྣམས་ཐོས། དེ་རྣམས་ཀྱི་ཁ་སྐོང་རྗེ་བླ་མ་ཀུན་དགའ་བཟང་པོ་ཡབ་སྲས་ཀྱིས་མཛད་པ་ལ། བླ་མ་རྡོ་རྗེ་འཆང་ཆེན་པོ་དཔལ་རིན་ཆེན་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་ལམ་འབྲས་བཤད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད། ཁྲིད་ཡིག་ཚིགས་བཅད་མའི་ས་བཅད། ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར། རྒྱུ་དུས་ཀྱི་དབང་གི་རྟོགས་བསྐྱེད། བིར་བསྲུང་བར་ཆད་ཀུན་སེལ། སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས། བིར་བསྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ། དེ་ཉམས་སུ་བླང་ཚུལ། དེ་དང་ལམ་འབྲས་མཚོན་བྱ་མཚོན་བྱེད་དུ་སྦྱར་བ། བིར་བསྲུང་གསར་པ་རྣམས་ཐོས་སོ། །རྗེ་སེམས་དཔའ་ཆེན་པོ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་མཛད་པ་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་མངོན་པར་རྟོགས་པ་ཡན་ལག་དྲུག་པ། ལུས་དཀྱིལ་ལམ་དུས་ཀྱི་དབང་ལེན་ཚུལ། གཏོར་ཆོག་བར་ཆད་ཀུན་སེལ། ཁྲིད་ཀྱི་ཟིན་བྲིས་ཆེ་ཆུང་གཉིས། ལམ་ཟབ་ཀྱི་ཉམས་ལེན་བྱེད་ཚུལ་རྣམས་ཐོས། མདོར་ན་གསུང་ངག་རིན་པོ་ཆེ་དང་རྗེས་སུ་འབྲེལ་བའི་དབང་བྱིན་རླབས་ལུང་མན་ངག་ཉམས་ལེན་གྱི་གནད་ཐུན་མོང་དུ་གྲགས་པ་དང་མ་གྲགས་པ་དུ་མ་ཞིག་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡན་ཆད་