R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦བ
[A:༡༦བ]གོང་དབང་གི་བརྒྱུད་པ་དང་འདྲ། དེ་ནས་མུས་ཆེན། འཇམ་དབྱངས་ཤེས་རབ་རྒྱལ་པ། རྒྱལ་ཚབ་ཀུན་དབང་པ། མཁས་གྲུབ་དཔལ་རྡོར་བ། ཀུན་མཁྱེན་བསོད་ནམས་སེང་གེ དེ་ལྔ་ཀས་རྗེས་སུ་བཟུང་བ་འདྲེན་མཆོག་དཀོན་མཆོག་འཕེལ་བ། དེ་ལ་ས་ལོ་འཇམ་པའི་རྡོ་རྗེས་གསན། དེ་ལ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན། དེ་ནས་སྤྱན་སྔ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་མུས་ཆེན། ཀུན་མཁྱེན། རྗེ་སངས་རིན་པ། ས་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ཨ་ནནྡ་ལའོ། ༈ །ཡང་ན་མུས་ཆེན། གྲུབ་ཆེན་ཀུན་བློ། འཇམ་དབྱངས་སངས་རྒྱས་རིན་ཆེན་མན་འདྲ། ༈ །ཡང་ན་རྒྱལ་ཚབ་ཀུན་དབང་བ། གློ་བོ་མཁན་ཆེན་པ། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །ཡང་ན་ཀུན་མཁྱེན་བསོད་ནམས་སེང་གེ རྗེ་འདྲེན་མཆོག རྗེ་སངས་རིན་པ་གསུམ་པས་རྗེས་སུ་བཟུང་བ་རྒྱལ་བ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ཞང་སྟོན་རྗེ་ནས། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་སོགས་སྔར་དང་འདྲ། ༈ །ཡང་ན་ཉན་