R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨ན
[A:༡༨ན]བརྒྱུད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པས་རྗེ་ས་ཆེན་ལ་གནང་བའི་ལྕགས་རིའི་ཁོང་ལས་མི་འདའ་བའི་ཟབ་ཆོས་བཞིར་གྲགས་པ་ལ། ཐོག་མར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་དང་། ཆོས་སྐོར་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་བསྒོམ་རིན་ཆེན། ཆོས་རྗེ་ཉན་ཆེན་པ། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་རྡོར་བ། ཀུན་མཁྱེན་རིན་པོ་ཆེ་ལྔ་པས་རྗེས་སུ་བཟུང་བ་རྗེ་འདྲེན་མཆོག ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་བ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་མུས་ཆེན། ཀུན་མཁྱེན། འདྲེན་མཆོག་གསུམ་ཀས་རྗེས་སུ་བཟུང་བ་རྗེ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །ཡང་ན་རྒྱལ་ཚབ་ཀུན་དབང་པ། མཁན་ཆེན་ལེགས་འབྱུང་། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། ༈ །ཡང་ན་བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་གོང་དང་འདྲ། ༈ །བླ་མ་རིན་འབྱུང་གི་བརྒྱུད་པ་ནི། ངོར་ཆེན། མུས་ཆེན། ཀུན་དབང་པ། འདྲེན་མཆོག ས་སྐྱ་