R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧བ
[A:༡༧བ]དབང་། འདྲེན་མཆོག རྒྱལ་བ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ལམ་འབྲས་པ་ཡོངས་ལ་མ་གྲགས་པའི་བརྡ་ཆིག་བརྒྱུད་ཐུན་མོང་མ་ཡིན་པའི་བརྒྱུད་པ་ནི། སེམས་དཔའ་ཆེན་པོ་ཡན་ཆད་གོང་དང་འདྲ་བ་ལས། དེ་ནས་རྗེ་ཞ་ལུ་བ་སངས་རྒྱས་དཔལ་བཟང་། རྗེ་དཔལ་ལྡན་རྒྱལ་པོ། རྗེ་བཟང་པོ་དཔལ་བ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་ཆོས་དབང་ཕྱུག རྗེ་མུས་ཆེན་བུདྡྷའི་མཚན་ཅན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལ་བསམ་གཏན་ཕུའི་སྒྲུབ་ཁང་དུ་ལྗགས་ཐོག་ནས་ཤིན་ཏུ་སྨིན་པར་གནང་སྟེ། མན་ངག་འདི་ཉིད་རྗེ་སེམས་དཔའ་ཆེན་པོ་ཡན་ཆད་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ལ། ཆོས་རྗེ་ཞ་ལུ་བའི་ཟིན་ཐོ་ཅུང་ཟད་ཙམ་མ་གཏོགས་ཡིག་ཆ་གཞན་མེད་པས་བློ་ལ་འཇགས་པ་རང་གལ་ཆེའོ་ཞེས་གསུངས་ཤིང་ནན་ཏན་དུ་མཛད་པ་བཞིན། དུས་ཕྱིས་བདག་གིས་སྙན་བརྒྱུད་ནུབ་དོགས་རྗེའི་གསུང་བཞིན་བཀོད་པའི་ཡི་གེ་ཞིག་ཀྱང་བྱས་ཡོད་དོ། ༈ །སྒྲུབ་པ་ལུང་སྦྱིན་ཉམས་ལེན་མན་ངག་དང་བཅས་པའི་བརྒྱུད་པ་ནི། ངོར་ཆེན། ཀུན་དབང་། འདྲེན་མཆོག ས་ལོ་ཙཱ་བ། དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །ཡང་ན་འདྲེན་མཆོག རྒྱལ་བ་ལྷ་མཆོག་སེང་གེ་མན་འདྲ། ༈ །ཡང་ན་རྒྱལ་ཚབ་ཀུན་དབང་། ཀུན་མཁྱེན། རྗེ་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། དེ་རྣམས་ནི་རིང་བརྒྱུད་ཀྱི་སྐོར་རོ། ༈ །ཉེ་