[A:༡༩ན]བསོད། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ། བློ་གྲོས་བརྟན་པ་གཉིས་ཀས་རྗེས་སུ་བཟུང་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གཉིས་ཀས་རྗེས་སུ་བཟུང་བ་རྒྱལ་ཚབ་ཀུན་དབང་། ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ཨ་ནནྡ་ལའོ། ༈ །ཡང་ན་འདྲེན་མཆོག རྗེ་ལྷ་མཆོག་སེང་གེ་མན་འདྲ། ༈ །ཡང་ན་མུས་ཆེན། ཀུན་མཁྱེན། རྗེ་སངས་རིན། ས་ལོ་ཙཱ་བ་མན་འདྲ། ༈ །ཡང་གཞུང་བཤད་སྲས་དོན་མ། གཞུང་བཤད་དམར་མ་གཉིས་ཀྱི་སྟེང་ནས་རྡོ་རྗེའི་ཚིག་རྐང་གི་བཤད་བཀའ་རྒྱས་ཤིང་མཐའ་ཆོད་པ་དང་། ཡིག་ཆ་དེ་གཉིས་ཀྱི་ལུང་དང་བཅས་པའི་བརྒྱུད་པ་ནི། རྗེ་ས་ཆེན། རྗེ་བཙུན་སྐུ་མཆེད་ནས། རྗེ་སེམས་དཔའ་ཆེན་པོ་ཡན་ཆད་ལམ་འབྲས་དང་འདྲ། དེ་ནས་རྗེ་ཞ་ལུ་བ་སངས་རྒྱས་དཔལ་བཟང་། པཎ་ཆེན་ཉི་ཟླ་སེང་གེ གྲུབ་ཆེན་ནམ་མཁའ་ཤེས་རབ། རྗེ་ཞེ་དགོན་པ་བསོད་ནམས་རྩེ་མོ། རྗེ་རིན་ཆེན་ཆོས་འཕེལ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་བསོད་ལའོ། །གཞུང་བཤད་དམར་མ་རྐྱང་བའི་བརྒྱུད་པ་ནི། དམར་ཆོས་ཀྱི་རྒྱལ་པོ། སྒང་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་