R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]མཆོག་རྒྱལ་མཚན། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་གཞུང་བཤད་དེ་གཉིས་ཀྱི་བརྒྱུད་པ་ལུགས་གཅིག་ནི། རྗེ་མུས་པ་ཆེན་པོའི་གསུང་ལས་འཁྲུངས་པའི་བིཀྵུ་ཀུ་ས་ལི་པ་ལས་ཀྱང་བདག་གིས་ཐོས་སོ། ༈ །ཞར་བྱུང་གི་མན་ངག་ཐོབ་པ་ལ་དག་པ་གསུམ་གྱི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་དགྲ་ལྷ་འབར། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། འཕགས་པ། དགའ་ལྡན་པ། བཀྲ་ཤིས་དཔལ། ཀུན་དགའ་བསོད་ནམས། ཆོས་རྗེ་རྣམ་གཉིས།
དཔལ་ལྡན་བླ་མ་དང་རི་ཁྲོད་པ་བློ་གྲོས་བརྟན་པ་གང་རུང་།
བྱམས་པ་ཆོས་ལེགས། མུས་ཆེན་ནམ་མཁའ་དཔལ་བཟང་། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། མུས་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་ས་སྐྱ་པ་ཨ་ནནྡ་ལའོ། །ཁྲིད་ཀྱི་ཡི་གེ་ཆོས་རྒྱལ་འཕགས་པས་མཛད་པ་ཐོས། ༈ །རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་ཆད་དག་པ་གསུམ་གྱི་ཁྲིད་དང་འདྲ། དེ་ནས་ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ་མན་ཆད་གོང་དང་འདྲ། ཁྲིད་ཡིག་རྗེ་ས་སྐྱ་པ་ཆེན་པོས་མཛད་པ་ཐོས། ༈ །ལམ་སྦས་བཤད་ཀྱི་ཐུགས་