[A:༣༥ན]འགྱུར། དེའི་འགྲེལ་ཆེན་སྒྲོན་མ་གསལ་བ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་ལོ་ཆེན་གྱི་འགྱུར། ཀུན་མཁྱེན་བུ་སྟོན་གྱིས་མཛད་པའི་སྒྲོན་གསལ་གྱི་འགྲེལ་བཤད་མཐའ་དྲུག་རབ་གསལ། འཆད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད་རྣམས་ཀྱི་ལུང་བཤད་ཞིབ་ཏུ་ཐོབ་པའི། སྒྲུབ་ཐབས་མདོ་བྱས་མདོ་བསྲེ་སོགས་རྒྱ་གཞུང་ཕལ་ཆེར་དང་། འགོས་ཀྱི་ཤོག་རིལ་གསུམ་སོགས་ཀྱི་བརྒྱུད་པ་ནི། གོང་གི་རིམ་ལྔ་འགོས་ལུགས་ཀྱི་བརྒྱུད་པ་དང་འདྲ་ལ། བུ་སྟོན་གྱི་ཁྲིད་ཡིག་དང་མཐུན་པ་གཙོ་ཆེ་བའི་རིམ་ལྔ་མར་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏཾ་ཀི་པ། ཏི་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། དབང་གི་རྡོ་རྗེ། རྗེ་གད་པ། བྱ་ཁང་པ་བསོད་རིན། མི་ཉག་ཐུར་བ་ལ་ཚུལ་ཁྲིམས་སྐྱབས། རྒྱ་མཁར་ཐང་སྤེ་བ་འཕགས་པ་སྐྱབས། གྲུབ་ཐོབ་གསེར་ལྡིང་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། བླ་མ་འཕགས་འོད། བུ་སྟོན་རིན་ཆེན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ པཎ་ཆེན་ཀོང་པོ་དབང་ཕྱུག་གྲུབ་པ། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་སངས་རིན། དེ་གཉིས་ཀ་ལ་བདག་ཆེན་ངག་གི་དབང་ཕྱུག འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། ཆོས་ཀྱི་རྗེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །གསེར་སྡིང་པའི་མན་ངག་ཡིག་སྐོར་ཕལ་ཆེ་བ་སོགས་དེ་དག་གི་བརྒྱུད་པ་ལུགས་