R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤བ
[A:༣༤བ]ཡི་གེ་ཚན་གཉིས། སེམས་དཔའ་སུམ་བརྩེགས། མཉམ་བཞག་སྒྱུ་མའི་རྣལ་འབྱོར། རྨི་ལམ་སྒྱུ་མའི་མན་ངག བར་དོ་སྒྱུ་མའི་གདམས་པ། ལེ་ལོ་ཅན་འཆི་ཁར་སངས་རྒྱ་བ་འཕོ་བའི་གདམས་ངག བཙན་ཐབས་ཀྱི་འཕོ་བ། རྣམ་ཤེས་གྲོང་དུ་འཇུག་པའི་མན་ངག སྲོག་རྩོལ་ལ་བརྟེན་ནས་གཏུམ་མོ་བསྒོམ་པ་ལམ་རིམ་པ་ལྔ་དང་སྦྱར་བ། འཁོར་ལོ་འཇུག་ལྡོག་ལ་བརྟེན་ནས་མ་རིག་པ་རྩད་ནས་བཅད་པའི་མན་ངག ཆགས་ཅན་འོག་སྒོ་ལ་བརྟེན་ནས་བདེ་བ་ལམ་དུ་བླངས་པའི་མན་ངག བསྲེ་བ་དྲུག་གི་མན་ངག འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་བསྟན་པ། རྡོ་རྗེ་སེམས་དཔའི་གསང་ལམ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་མན་ངག མགྲིན་པར་རྨི་ལམ་ལ་བརྟེན་ནས་སྒྱུ་མ་བཙན་ཐབས་སུ་བཟུང་བའི་མན་ངག སྙིང་ཁར་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་མ་རིག་པ་རྩད་ནས་བཅད་པའི་མན་ངག གསང་བ་ཐུགས་རྒྱུད་ཀྱི་རིམ་པ་ལྔའི་མན་ངག རིམ་ལྔའི་དབང་གོང་མའི་མན་ངག ཕ་རྒྱུད་ཡང་སྙིང་། སྤྱིར་རྒྱུད་ཐམས་ཅད་དང་། བྱེ་བྲག་ཏུ་མ་རྒྱུད་ཧེ་བཛྲ་གྱི་གདམས་པའི་བཅུད་བསྡུས་ཏེ་འདི་རྣམས་གསེར་སྡིང་པས་མཛད་པ། ཀུན་མཁྱེན་འཕགས་འོད་ཀྱིས་མཛད་པའི་ངོ་སྤྲོད། ཡུ་མོ་ཁུགས། བུ་སྟོན་གྱིས་མཛད་པའི་རིམ་ལྔའི་སྨར་ཁྲིད་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ཅེས་བྱ་བ་རིམ་ལྔ་མར་ལུགས་གཙོ་ཆེ་བའི་ཁྲིད་ཡིག གསང་འདུས་མི་བསྐྱོད་པའི་བསྐྱེད་རིམ་གྱི་རྣམ་བཤད་པཎ་ཆེན་ཉི་ཟླ་སེང་གེས་མཛད་པ། དེ་ཐམས་ཅད་ཀྱི་རྒྱབ་རྟེན་དུ། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པའི་ལེའུ་བཅོ་བརྒྱད་པ། ལོ་ཆེན་གྱི་