R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦ན
[A:༣༦ན]རྒྱལ་མཚན། རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། རྗེ་དཔལ་ལྡན་དོན་གྲུབ། རྗེ་ག་གདན་བུདྡྷ། བིཀྵུ་པཎྜི་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །པཎ་ཆེན་ཉི་ཟླ་སེང་གེའི་རྣམ་བཤད་ཀྱི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། རྗེ་ཉི་ཟླ་སེང་གེ རྗེ་དཀོན་མཆོག་དཔལ་བཟང་། གྲུབ་ཆེན་ནམ་མཁའ་ཤེས་རབ། རྗེ་བསོད་ནམས་རྩེ་མོ། རྗེ་རིན་ཆེན་ཆོས་འཕེལ། ཆོས་རྗེ་བསོད་ནམས་སངས་རྒྱས། བིཀྵུ་ཀུ་ས་ལི་པ། དེས་བདག་ས་སྐྱ་པ་ལའོ། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་འཁོར་དང་བཅས་པ་མཁའ་འགྲོ་སྦྲགས་སྒྲུབ་ཀྱི་ཚུལ་དུ་བསྒྲུབ་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ནང་ཁྲིད་དུ་གྲགས་པ་འཇམ་སྒྲུབ་རྩུབ་སྒྲུབ་སོགས་ཟབ་མོའི་མན་ངག་རྣམས་ཉམས་ཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག བདག་ཆེན་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། བླ་མ་དམ་པ་དཔལ་ལྡན་རྒྱལ་པོ། རྗེ་བཙུན་སངས་རྒྱས་རིན་ཆེན། བདག་ཆེན་ནམ་མཁའ་ཚེ་བརྟན། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་