[A:༣༦བ]མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པའི་ནང་སྒྲུབ་ཀྱི་ཁྲིད་ཡིག འཇམ་དབྱངས་སངས་རིན་གྱིས་མཛད་པའི་ཁྲིད་ཡིག་གཉིས། འཁོར་རྐྱང་གི་རྗེས་གནང་བྱ་ཚུལ། མགོན་པོ་གཟི་བརྗིད་བསྐྱེད་པའི་མན་ངག རྨི་ལམ་ངན་པ་དང་མཚན་མ་ངན་པ་བཟློག་པའི་མན་ངག སྲུང་བ་བྲག་རྫོང་མའི་ཞལ་ཤེས་ཀྱི་སྙན་བརྒྱུད་ཟབ་མོ་རྣམས་མ་ལུས་པ་ཐོབ་ཅིང་། མགོན་པོ་ཁྲོ་བཅུའི་སྲུང་འཁོར་དཀར་ཤཱཀྱ་གྲགས་ཀྱིས་མཛད་པ་དང་། ཀུན་མཁྱེན་ཆེན་པོས་མཛད་པ་གཉིས་ཀྱི་ལུང་ཡང་ཐོས་སོ། །གཉན་མགོན་ཆེན་པོ་ཞལ་བཞི་པའི་ཚེ་སྒྲུབ་ཟབ་མོ་སྲུང་འཁོར་གུར་བདུན་མར་གྲགས་པའི་མན་ངག་གི་ཁྲིད་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། སློབ་དཔོན་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རཏྣ་རཀྵི་ཏ། ཁརྶ་པ་ཎི། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་ཙཱ་བ། གནམ་ཁ་འུབ་པ། དེ་གཉིས་ཀ་ལ་ས་སྐྱ་པ་ཆེན་པོས་གསན། རྗེ་བཙུན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་མཁས་པའི་དབང་པོ་བསོད་ནམས་སེང་གེ འདྲེན་མཆོག་ཆོས་རྗེ། འཇམ་དབྱངས་སངས་རྒྱས་རིན་ཆེན། གླིང་དཔོན་ཆེན་ཆོས་སྐུ་འོད་ཟེར། རྗེ་བྱམས་པ་ཤེས་