[A:༣༧ན]རབ་བཟང་པོ། ཆོས་ཀྱི་རྗེ་བསམ་གཏན་རིན་ཆེན། རྗེ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིའི་མན་ངག་གི་ཡི་གེ་རྙིང་མའི་ལུང་ཡང་ཐོས། ༈ །ཡང་སྔ་མ་དེ་ལས་ཀྱང་ཆེས་ཟབ་པའི་ཞལ་བཞི་པའི་ཐུན་མོང་མ་ཡིན་པའི་ཚེ་སྒྲུབ་ཟབ་མོ་སྲུང་འཁོར་གུར་བདུན་དང་བཅས་པའི་མན་ངག་གི་ཁྲིད། རྗེ་ནམ་མཁའ་དཔལ་བཟང་བས་མཛད་པའི་ཡིག་ཆའི་སྟེང་ནས་ཞལ་ཤེས་ཀྱི་ཟབ་གནད་དུ་མས་བརྒྱན་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། སློབ་དཔོན་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རཏྣ་རཀྵི་ཏ། ཁརྶ་པ་ནི། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་ཙཱ་བ། གནམ་ཁ་འུབ་པ། དེ་གཉིས་ཀ་ལས་ས་སྐྱ་པ་ཆེན་པོས་གསན། རྗེ་བཙུན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། རྗེ་བཙུན་ནམ་མཁའ་དཔལ་བཟང་། རྗེ་ཚུལ་ཁྲིམས་མཚན་ཅན། རྗེ་རིན་ཆེན་ཆོས་འཕེལ། རྗེ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཚེ་སྒྲུབ་བསྲུང་བཟློག་དང་བཅས་པའི་ཡིག་ཆ་རྗེ་ནམ་མཁའ་དཔལ་བཟང་པའི་