[A:༣༩ན] དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འཛིན་པ་བློ་ཆེན། ལོ་ཙཱ་བ་མཆོག་ལྡན། བླ་མ་བསོད་དབང་། ཀུན་མཁྱེན་སེང་གེ་འབུམ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། ངོར་ཆེན་མན་གོང་དང་འདྲའོ། །དཀྱིལ་འཁོར་ཕྱི་མ་བཅུ་གཅིག་གི་བདག་མདུན་སྒྲུབ་ཚུལ། དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་བའི་ཕྱག་ལེན། དེའི་སྟ་གོན་གྱི་ཟུར་འདེབས་དང་བཅས་པ་རྗེ་སངས་རིན་གྱིས་མཛད་པ་ཐོས་སོ། ༈ །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཆེན་པོ་རིན་ཆེན་མཆོག་གི་འགྱུར། ས་བཅད་མཆན་བུ་སྤྱི་དོན་རྣམས་རྗེ་བཙུན་ཆེན་པོས་མཛད་པ། ཀུན་མཁྱེན་ཆེན་པོས་མཛད་པའི་ཊིཀྐ་དང་བཅས་པའི་སྟེང་ནས་བཤད་བཀའ་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྗེ་ས་ཆེན་ཡན་ཆད་ཀུན་རིག་ས་ལུགས་ཀྱི་དབང་དང་འདྲ། དེ་ནས་གཉག་སྟོན་དབང་རྒྱལ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་སྟོན་ཆོས་རྗེ། ན་བཟའ་བྲག་ཕུག་པ། བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྣམ་པར་སྣང་མཛད་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །རྗེ་བཙུན་དང་ཀུན་མཁྱེན་གྱི་གཞན་ཕན་སྐོར་རྣམས་དང་། སྦྱོང་རྒྱུད་རྐྱང་པའི་ལུང་སོགས་ནི་སླར་ཡང་རྗེ་བཙུན་དེ་ཉིད་