R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩བ
[A:༣༩བ]ཀྱི་དངོས་ཀྱི་སློབ་མ་རྣམས་ལས་ཀྱང་ཡང་ཡང་ཐོས་སོ། ༈ །ཡང་ཐུགས་རྗེ་ཆེན་པོ་སངས་རྒྱས་རྒྱལ་མཚན་དེ་ཉིད་ཀྱི་དྲུང་དུ། སྨར་ཁྲིད་ཚེམ་བུ་ལུགས་ཐོབ་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཚེམ་བུ་པ། སྤྱི་བོ་ལྷས་པ། བྲག་དམར་བ། དགོན་གསར་བ། ཀུན་སྤང་རྗེ། ར་ག་བྲག་པ། རིན་ཆེན་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དཔལ་ལྡན་ལེགས་པ། རཏྣ་ཤྲཱི། ནམ་མཁའི་མཚན་ཅན། ཕུན་ཚོགས་རྡོ་རྗེ། འཇམ་པའི་དབྱངས། གཉན་ལོ་ཆེན་པོ། ཐར་རྩེ་ནས་སངས་རྒྱས་སེང་གེ ཐུགས་རྗེ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །བརྒྱུད་པའི་གསོལ་འདེབས་ཚོགས་གཉིས་མཐར་ཕྱིན་མ་དང་། ཁྲིད་ཡིག་རྗེ་སངས་རྒྱས་སེང་གེས་མཛད་པ་རྣམས་ཐོས་སོ། ༈ །ཡང་ཆོས་ཀྱི་རྗེ་ཇོ་བོ་རིན་པོ་ཆེ་སངས་རྒྱས་རྒྱལ་མཚན་གྱི་དྲུང་དུ། ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མར་གྲགས་པའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། མི་ཕམ་མགོན། འཕགས་པ་ཐོགས་མེད། རྒྱལ་སྲས་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། གུ་ན་མི་ཏྲ། སློབ་དཔོན་སེང་གེ་བཟང་པོ། གང་པ་སྤེལ། ཀུ་ས་ལི་པ། ཀུ་ས་ལི་གཉིས་པ། གསེར་གླིང་པ། མར་མེ་མཛད། འབྲོམ་སྟོན་པ། པུ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། འཆད་ཀ་བ་ཡེ་ཤེས་རྡོ་རྗེ། སེ་སྟོན་འོད་ཟེར་གཞོན་ནུ།
ཡར་ཀླུང་ཇོ་བོའི་ཆོས་འབྱུང་ན་ཆོས་ཀྱི་རྒྱལ་མཚན་ཟེར་བར་སྣང་། ཁ་ཅིག་དར་མ་ཤེས་རབ་ཟེར།
ལྷ་སྟོན་འོད་ཟེར་བླ་མ།
ཇོ་བོའི་ཆོས་འབྱུང་ན་བྱང་ཆུབ་རིན་ཆེན་