[A:༤༢ན]མན་གོང་དང་འདྲ། ༈ །བློ་སྦྱོང་སེམས་དཔའི་རིམ་པའི་སྐོར་རྣམས་ཀྱང་དེ་དང་འདྲ། ༈ ཉོན་མོངས་ལམ་དུ་བླངས་པ་དང་། བླ་མའི་རྣལ་འབྱོར་གྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། ཀུ་ས་ལི་གཉིས། གསེར་གླིང་པ། ཇོ་བོ། འབྲོམ། པུ་ཏོ་བ། ཤ་ར་བ། འཆད་ཀ་བ། སྤྱིལ་བུ་བ། སློབ་དཔོན་ལྷ། ལྷ་ལྡིང་དབོན། དྷརྨ་སིངྷ་། རྒྱ་སྟོན་བྱང་རྒྱལ། མཁན་པོ་གཞོན་བྱང་། རིན་ཆེན་འབྱུང་གནས་དཔལ། དོན་ཞགས། སངས་རིན་མན་འདྲ། ༈ །སྡིག་སྦྱོང་དང་། ཐེག་ཆེན་འཁོན་སྦྱོང་ཡང་དེ་དང་འདྲ། ༈ །རྣལ་འབྱོར་མ་གཉིས་ཀྱིས་གནང་བའི་སེམས་སྦྱོང་གི་བརྒྱུད་པ་ནི། སྒྲོལ་མ་ཁྲོ་གཉེར་ཅན། ཇོ་བོ། འབྲོམ། སྤྱན་སྔ་བ། བྱ་ཡུལ་བ། གཙང་པ་རིན་པོ་ཆེ། གླང་ལུང་པ། རྒྱས་བསྒོམ་པ། རིན་སངས་པ། སྒོམ་པ་བྱང་སྐྱབས། ཡེ་ཤེས་ཞབས། ཤི་ལ་བཛྲ། དོན་ཞགས་པ་མན་འདྲ། ཀུ་ས་ལིའི་ཚོགས་བསོག་ཀྱང་དེ་དང་འདྲ། ༈ སྐྱིད་སྡུག་ལམ་ཁྱེར་གྱི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན། ཁྲོ་ཕུ་ལོ་ཙཱ་བ། ལྷོ་བྲག་པ་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་གྲགས་པ་བཤེས་གཉེན། ཆོས་ལུང་པ་བསོད་ནམས་རིན་ཆེན་མན་དང་འདྲ། ཡང་ན་མཁན་ཆེན་བདེ་བ་དཔལ། མཁན་ཆེན་བཞི་པ་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ། བྱང་སེམས་ཚུལ་ཁྲིམས་དཔལ། ཆོས་རྗེ་རྒྱལ་མཆོག་མན་འདྲའོ། །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། སྒྲོལ་མ། སུམ་པ་ལོ་ཙཱ་བ་དར་མ་