[A:༤༡བ]བཞིན་ནོར་བུར་བསྒྱུར་བ། འཆི་ཁ་མའི་བློ་སྦྱོང་སྟེ་བརྒྱད་དང་། གེགས་སེལ་བློ་སྦྱོང་། མ་འོངས་པའི་འགལ་རྐྱེན་སྤོང་བ། ཇོ་བོའི་དོན་བདུན་མ། མཆིམ་གྱི་བློ་སྦྱོང་། བིརྺ་པའི་བློ་སྦྱོང་། རྣམ་དག་གཙུག་ནོར་ལ་གནང་བའི་ཚིག་རྐང་བརྒྱད་མ་ལོ་རྒྱུས་དང་བཅས་པ། དེའི་འགྲེལ་པ། མཐའ་འཁོབ་འདུལ་བའི་བློ་སྦྱོང་གི་ཉམས་ལེན། ཐེག་ཆེན་བློ་སྦྱོང་དོན་བདུན་མ། རཏྣ་གུ་རུའི་ཚོགས་ཆོས། ཡང་དགོན་པའི་བློ་སྦྱོང་། རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག་རྣམས་ཀྱི་ལུང་དང་། བློ་སྦྱོང་ཐམས་ཅད་ཀྱི་ལུས་ལྟ་བུ་དོན་བདུན་མས་གཙོ་བོར་བྱས། གཞན་རྣམས་སོ་སོ་ནས་དམིགས་པར་དྲིལ་ནས་ཉམས་སུ་ལེན་ཚུལ་དང་བཅས་པ་ཞིབ་ཏུ་ཐོབ་པ་ལས། ཇོ་བོའི་བླ་མ་དྷརྨ་རཀྵི་ཏའི་བློ་སྦྱོང་མཚོན་ཆ་འཁོར་ལོའི་བརྒྱུད་པ་ནི། དྷརྨཱ་རཀྵི་ཏ། ཇོ་བོ། འབྲོམ། པུ་ཏོ་བ། ཤ་ར་བ། འཆད་ཀ་བ། སེ་སྤྱིལ་བུ་བ། ལྷ་སྤྱིལ་བུ་བ། ལྷ་འགྲོ་མགོན། འོད་འཇོ་བ། མཁན་པོ་དམར་སྟོན། མཁན་པོ་ཤེས་རབ་རྡོ་རྗེ། དོན་ཞགས་པ་སངས་རྒྱས་རིན་ཆེན། བླ་མ་གྲགས་པ་ཚུལ་ཁྲིམས། ཆོས་རྗེ་རྒྱལ་བ་བཟང་པོ། ནུབ་ཆོས་ལུང་པ་བསོད་ནམས་རིན་ཆེན། ཆོས་རྗེ་གཞོན་ནུ་རྒྱལ་མཆོག མུས་ཆེན་སེམས་དཔའ་ཆེན་པོ། རྗེ་བཙུན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་པའི་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་བ་ངག་དབང་ཀུན་དགའ་བསོད་ནམས་པ་ལའོ། ༈ །རྨ་བྱ་དུག་འཇོམས་ཀྱི་བརྒྱུད་པ་དེ་དང་འདྲ། ༈ །གྱེར་བསྒོམ་རྡོ་རྗེའི་གླུའི་བརྒྱུད་པ་ནི། བྱམས་མགོན། བྱམས་པའི་རྣལ་འབྱོར་པ། ཇོ་བོ་