[A:༤༣ན]ལ་གནང་བའི་བློ་སྦྱོང་གི་བརྒྱུད་པ་ནི། ཇོ་བོ་ནས། མཁན་པོ་དམར་སྟོན་གྱི་བར་མཚོན་ཆ་འཁོར་ལོའི་བརྒྱུད་པ་དང་འདྲ། དེ་ནས་ཇོ་གདན་ཀླུ་གཤོང་བ། བཤེས་གཉེན་ཤེས་རབ་དབང་པོ། དོན་ཞགས་པ་མན་འདྲ། ༈ །བིརྺ་པའི་བློ་སྦྱོང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། བིརྺ་པ། ཌོམྦྷི་བ། དཔལ་འཛིན། མ་ཏི་བ། ནིསྐ་ལམ་ཀ ར་ཝེནྟྲ། ཆག་ཆོས་རྗེ་དཔལ། གཞོན་ནུ་རྒྱལ་མཚན། མ་ཏི་ཤྲཱི། ཡེ་ཤེས་ཞབས་བཟང་པོ། དོན་ཞགས་པ་མན་འདྲ། ཚིག་རྐང་བརྒྱད་མའི་བརྒྱུད་པ་ཐུན་བརྒྱུད་མའི་གླང་ཐང་པ་མན་དང་འདྲའམ་སྙམ། ༈ །མཐའ་འཁོབ་འདུལ་བའི་བློ་སྦྱོང་གི་ཉམས་ལེན་དང་། ཐེག་ཆེན་བློ་སྦྱོང་གི་བརྒྱུད་པ་ནི། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ། པུ་ཏོ་བ། ཤ་ར་བ། མལ་གྲོ་བ། བྲག་དམར་བ་མན་ཇོ་བོའི་དོན་བདུན་མ་དང་འདྲའོ། །ཇོ་བོའི་རྣམ་ཐར་རྒྱས་པ། ལམ་ཡིག་ཆོས་ཀྱི་འབྱུང་གནས་འབྲོམ་གྱིས་མཛད་པ་དང་། ཡང་ཇོ་བོའི་རྣམ་ཐར་ཆེན་མོ་དགེ་བཤེས་ཟུལ་ཕུ་བས་བསྒྲིགས་པ། རྗེ་གཞོན་ནུ་རྒྱལ་མཆོག་པས་མཛད་པའི་བློ་སྦྱོང་ལེགས་བཤད་ཀུན་འདུས་རྣམས་ཀྱི་ལུང་ཡང་ཐོས་སོ། ༈ །བློ་སྦྱོང་པོད་ཆུང་དང་བློ་སྦྱོང་ལེགས་བཤད་ཀུན་འདུས། ཇོ་བོའི་རྣམ་ཐར་ལམ་ཡིག བློ་སྦྱོང་དཔལ་ཡེ་མ་སོགས་ཀྱི་བརྒྱུད་པ་ལུགས་གཅིག་ནི། རྗེ་སངས་རྒྱས་རིན་ཆེན་ཡན་གོང་དང་འདྲ་བ་ལས། དེ་ནས་རྗེ་ནམ་མཁའ་སངས་རྒྱས། རྗེ་དཀོན་མཆོག་རྒྱ་མཚོ། ཆོས་རྗེ་རྡོ་རྗེ་དཔལ་འབྱོར། ཇོ་བོ་ཆེན་པོ་སངས་རྒྱས་རྒྱལ་མཚན། བིཀྵུ་ཀུ་ས་ལི་པ། མ་ཧོ་པ་དྷྱ་ཡ། དེས་བདག་ས་སྐྱ་པ་ངག་དབང་ཀུན་