R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༣བ
[A:༤༣བ]དགའ་བསོད་ནམས་ལའོ། ༈ །ཡང་ཆོས་རྗེ་དེ་ཉིད་ཀྱི་དྲུང་དུ། བཀའ་གདམས་ལྷ་བཞིར་གྲགས་པའི་ཁྲིད་ཐོབ་པའི་ལྷ་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་པ། བྱམས་པ། སེང་གེ་བཟང་པོ། ཀུ་ས་ལི་ཆེ་ཆུང་གཉིས། གསེར་གླིང་པ། ཨ་ཏི་ཤ འབྲོམ། པུ་ཏོ་བ། གླང་རི་ཐང་པ། རྒྱ་ལྕང་རི་བ། དྭགས་པོ་ལྷ་རྗེ། རྣལ་འབྱོར་ཆོས་དབང་ཕྱུག སྒྱེར་བསྒོམ། རྒྱས་བསྒོམ། བོ་དོང་རིན་པོ་ཆེ། ཉན་ཆེན་བསོད་ནམས་བརྟན་པ། པྲ་ཛྙཱའི་མཚན་ཅན། གུ་རུ་བཟང་པོ་དཔལ། མཁན་ཆེན་གྲགས་པ་རྒྱལ་མཚན། གྲགས་པ་བཤེས་གཉེན། རྒྱལ་བ་ཕྱག་ན། ཀུན་དགའ་བློ་གྲོས། པཎ་ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་བ་ངག་དབང་ཆོས་གྲགས་རྒྱལ་མཚན། པཎ་ཆེན་ནམ་མཁའ་དབང་ཕྱུག རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་ཁྲིད་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས། ར་ཧུ་ལ་གུཔྟ་བཛྲ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། ནག་ཚོ་ལོ་ཙཱ་བ། རོང་པ་ཕྱག་སོར་བ། ཝ་ཡུ་བ་ཤེས་རབ་ཚུལ་ཁྲིམས། ལྕེ་བསྒོམ་ཤེས་རབ་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ། ཆོས་ཀྱི་སེང་གེ གཉན་སྟོན་ཆོས་ཀྱི་ཤེས་རབ། ཆོས་རྗེ་སྟོན་པ་བརྩོན་འགྲུས་སེང་གེ འགྲོ་མགོན་ཤངས་པ་ཚུལ་ཁྲིམས་འབུམ། གཉན་སྟོན་ཆེན་པོ་རྒྱལ་མཚན་དཔལ་བཟང་པོ། ནམ་མཁའ་དབང་ཕྱུག ནམ་མཁའི་རྣལ་འབྱོར། རྗེ་བཙུན་མུས་ཆེན་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རིན། སྤྱན་སྔ་ངག་དབང་ཆོས་གྲགས། པཎ་ཆེན་ནམ་མཁའ་དབང་ཕྱུག རྡོ་རྗེ་འཆང་སངས་