R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤ན
[A:༤༤ན]རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཐུགས་རྗེ་ཆེན་པོའི་ཁྲིད་ཀྱི་བརྒྱུད་པ་འདི། སྐྱེར་སྒང་ལུགས་ཀྱི་རིགས་གཏད་ཀྱི་བརྒྱུད་པ་དང་མཐུན་པ་ཞིག་ཡིན་ནམ་སྙམ་སྟེ་དེའི་ལུགས་བཞིན་བྲིས་པ་ཡིན་ལ། ད་དུང་ཁྲིད་ཀྱི་བརྒྱུད་པ་ཁུངས་ཐུབ་ཅིག་བཙལ་བར་བྱའོ། ༈ །སྒྲོལ་མ་རྗེས་དྲན་ལྔའི་ཁྲིད་ཀྱི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། འཕགས་མ་སྒྲོལ་མ། ཇོ་བོ་ཡབ་སྲས། རྔོག་ལེགས་ཤེ། མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུལ་ཆུང་བ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་པ་དར་མ་རྒྱལ་མཚན། རྣལ་འབྱོར་པ་རིན་ཆེན་རྒྱལ་མཚན། ཞང་དར་མ་རྒྱལ་མཚན། ཏབ་ཀ་བ་བྱང་ཆུབ་བཟང་པོ། འབྲོམ་ནམ་མཁའ་རིན་ཆེན། འབྲོམ་གཞོན་ནུ་བློ་གྲོས། ལྷོ་པ་ཀུན་མཁྱེན། གྲ་ཕུ་བ་ཆེན་པོ། ག་ལུང་པ་བྱང་ཆུབ་དཔལ། བསོད་ནམས་འོད་ཟེར། བསོད་ནམས་རིན་ཆེན། ཆོས་གྲགས། དཔལ་འབྱོར་བཟང་པོ། འབྲོམ་སེང་གེ་རྒྱལ་མཚན། སྒྲ་པ་ཐུགས་རྗེ་དཔལ། སྤྱན་སྔ་ངག་དབང་ཆོས་གྲགས།
འདིའི་གོང་དུ་བརྒྱུད་རིམ་འགའ་ཞིག་བཙལ་བར་བྱའོ།
།པཎ་ཆེན་ནམ་མཁའ་དབང་ཕྱུག རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །མི་གཡོ་བ་ཆོས་དྲུག་གི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྒྱལ་པོ་ཨིནྡྲ་བྷུ་ཏི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། ཙནྡྲ་ཀིརྟི། བིརྻ་མི་ཏྲ། རོལ་པའི་རྡོ་རྗེ། སྒེག་པའི་ཞབས། ཤནྟི་པ། ཇོ་བོ་རྗེ། དགོན་པ་བ། སྣེ་ཟུར་བ། སྒྱེར་བསྒོམ་ཆེན་པོ། སངས་རྒྱས་དབེན། རྟོགས་ལྡན་བཟང་