R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥ན
[A:༤༥ན]པའི་བརྒྱུད་པ་ནི། རྒྱལ་བ་འོད་དཔག་མེད། གྲུབ་པའི་རྒྱལ་མོ། རིན་ཆེན་བཟང་པོ། གཡག་སྟོན་སངས་རྒྱས་དཔལ། རོང་སྟོན་ཤཱཀྱ་རྒྱལ་མཚན། ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེ། མི་ཉག་གྲགས་པ་རྡོ་རྗེ། འཇམ་དབྱངས་ས་སྐྱ་ལོ་ཙཱ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། ཚེ་དཔག་མེད་མགོན་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ཚེ་སྒྲུབ་ཞག་བདུན་མ་འདིའི་བརྒྱུད་པ་ལུགས་གཅིག་ནི། ཚེ་དཔག་མེད་མགོན། རོང་སྟོན་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་དོན་ཡོད་དཔལ་བ། དཔོན་བཙུན་རིན་རྣམ་པ། རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་ལྷ་མཆོག་སེང་གེ ཐར་རྩེ་ནས་སངས་རྒྱས་སེང་གེ ཐུབ་བསྟན་མཁན་ཆེན་ཆོས་འོད་ཟེར། ཚེའི་རིག་འཛིན་བརྙེས་པ་སངས་རྒྱས་རྒྱལ་མཚན། དེས་རྗེས་སུ་བཟང་བ་ས་སྐྱ་པ་ཨ་ནནྡ་ལའོ། །ཡང་ཚེ་བསྒྲུབ་འདིའི་བརྒྱུད་པ་ལུགས་གཞན་ནི། ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། ཏི་པུ་པ། རོང་སྟོན་ཆོས་རྗེ། ཐུགས་སྲས་ནམ་མཁའ་དཔལ་ལྡན། རྗེ་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་བ། མཁན་ཆེན་བྱམས་པ་རབ་བརྟན། མཁན་ཆེན་ཆོས་འོད་ཟེར། སྐུ་ཚེ་དཔག་མེད་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཚེ་སྒྲུབ་ཀྱི་མན་ངག་རྗེ་སངས་རིན་པས་མཛད་པ་དང་། རྗེ་བློ་གསལ་རྒྱ་མཚོས་མཛད་པའི་ཚེ་སྒྲུབ་བརྒྱུད་འདེབས་གཉིས་ཀྱི་ལུང་ཡང་ཐོས། ༈ །ས་སྐྱ་པའི་ཡབ་ཆོས་ནོར་ལྷ་དབྱུག་གུ་