R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༥བ
[A:༤༥བ]མཆེད་གསུམ་མན་ངག་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། མན་ངག་གི་ལོ་རྒྱུས་རྒྱས་བསྡུས་འགའ། འཕགས་པ་ཀླུ་སྒྲུབ་ཀྱི་ཤ་ཟ་མོ་རིག་པ་འཛིན་པའི་རྟོག་པ་ནས་ཕྱུང་བའི་སྒྲུབ་ཐབས་ཀྱི་གཞུང་ཚིགས་བཅད་མ་བ་རི་བས་བསྒྱུར་བ། དེའི་འགྲེལ་པ་རྡོ་རྗེ་གདན་པས་མཛད་པ། བ་རི་བ་དང་། པ་ཚབ་ཀྱི་འགྱུར། དེ་དག་གི་སྙིང་པོ་ས་ཆེན་གྱིས་མཛད་པ། དེ་ལས་འཕྲོས་པའི་མན་ངག་གི་ཡི་གེ་འགའ་གཟུངས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དབྱངས། སློབ་དཔོན་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། འཕགས་པ། ཚོགས་བསྒོམ་པ། ཉན་ཆེན་པ། བྲག་ཕུག་པ། བླ་མ་བློ་བཟང་། སེང་གེ་དཔལ། བླ་མ་བསོད་རྒྱལ། ཆག་ལོ་རིན་ཆེན་ཆོས་ཀྱི་རྒྱལ་པོ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ས་ལོ་འཇམ་པའི་རྡོ་རྗེའི་རྗེས་སུ། པཎ་ཆེན་ནམ་མཁའ་དབང་ཕྱུག རྗེ་ཆོས་དབང་པ། རྗེ་བླ་མ་མུས་པ་ཆེན་པོ། དེས་བདག་ལའོ། ༈ །སྐྱེ་མེད་དོ་པ་ཆོས་ཤེས་ནས་བརྒྱུད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གཅོད་སྐོར་གསུམ་གྱི་ཁྲིད་ཐོབ་པའི་བརྒྱུད་པ་ལ། མོ་བརྒྱུད་ཆེ་བ་ནི། བྱ་རྒོད་ཕུང་པོར་སྟོན་པ་སངས་རྒྱས། རི་བོ་རྩེ་ལྔར་འཇམ་དཔལ་སྨྲ་སེང་། རྒྱ་གར་འཇག་སྤྱིལ་དུ་ཨརྻ་དེ་ཝ། ཕོ་བརྒྱུད་ཆུང་བ་ནི། བྱ་རྒོད་ཕུང་པོར་སྟོན་པ་སངས་རྒྱས། དགའ་ལྡན་ལྷ་ཡུལ་དུ་བྱམས་པ་མགོན་པོ། རི་