[A:༡༠བ]ཤྲཱི་ཝན་བཛྲ།།
མཁས་གྲུབ་དཔལ་ལྡན་རྡོ་རྗེ།
སརྦ་ཛྙཱ་པུ་ཎྱ་སིངྷ།།ཀུན་མཁྱེན་བསོད་ནམས་སེང་གེ
སྭ་མི་རཏྣ་ཝརྡྷ།།རྗེ་དཀོན་མཆོག་འཕེལ་བ།
བྷཊྚ་ར་ཀ་བུདྡྷ་རཏྣ།།རྗེ་བཙུན་སངས་རྒྱས་རིན་ཆེན།
མཉྫུ་བཛྲ་ཨཱ་ནནྡ་པུ་ཎྱ།།འཇམ་པའི་རྡོ་རྗེ་ཀུན་དགའ་བསོད་ནམས།
མཧཱ་པཎྚི་ཏ་རཏྣ་ནཱི་ར་བྷོ་ཥ།།མཁས་པ་ཆེན་པོ་དཀོན་མཆོག་ལྷུན་གྲུབ།
ཤྲཱི་བྷུ་མི་པཎྜུ་མཧཱ་མནྟྲ་དྷྲིཀ་ཝ་གིནྡྲ་ཨཱ་ནནྡ་རཏྣ།།དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན།
སིདྷི་ཤྭ་ར་པུཎྱ་ཨིནྡྲ།།གྲུབ་པའི་དབང་ཕྱུག་བསོད་ནམས་དབང་པོ།
མཱ་མ་ཨུ་པ་ས་ཝ་གིནྡྲ་ནནྡ་པུ་ཎྱ་ཀིརྟི་དྷྭ་ཛ་ཤྲཱི་བྷ་དྲེ་ཎ་ཤྲུ་ཏེ།།བདག་དགེ་བསྙེན་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ཐོས་སོ།
།ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་རྗེས་སུ། བྷཊྚ་ར་ཀ་རཏྣ་ས་མུ་ཏྲ།།རྗེ་བཙུན་དཀོན་མཆོག་རྒྱ་མཚོ།
དྷརྨཱ་སྭཱ་མི་རཏྣ་ཤྲཱི་ཝན།།ཆོས་ཀྱི་རྗེ་དཀོན་མཆོག་དཔལ་ལྡན།
དེ་གཉིས་ཀ་ལ་གྲུབ་མཆོག་དབང་པོས་གསན་ནོ། །བརྒྱུད་པ་དེ་དག་ནི་གོང་དུ་བསྟན་པའི་གསུང་ངག་རིན་པོ་ཆེ་དང་འབྲེལ་བའི་ཆོས་སྐོར་ཕལ་ཆེ་བ་རྣམས་ཀྱི་བརྒྱུད་རིམ་ཡིན་ལ། དེ་རྣམས་ཀྱི་ནང་ནས་བྱིན་རླབས་སོགས་ཆ་ལག་རྣམས་ཀྱི་བརྒྱུད་པ་དམིགས་བསལ་དགོས་པ་ལ། རིང་བརྒྱུད་ཞང་དགོན་པ་བ་ནས་རྗེ་ས་ཆེན་ལ་རིམ་པར་བརྒྱུད་པའི་ཆ་ལག རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི། བརྒྱུད་པ་གོང་མ་རྣམས་ལ་གཞུང་ཁྲིད་དང་འདྲ་བ་ལས། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ནས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་ལ་ཀུན་མཁྱེན་བསོད་ནམས་སེང་གེ་དང་། གྲུབ་ཆེན་དཀོན་མཆོག་བློ་གྲོས་གཉིས་ཀས་གསན། དེ་གཉིས་ཀྱིས་རྗེས་སུ་བཟུང་བ་རྗེ་