[A:༡༡ན]བཙུན་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། ༈ །ཡང་ན་ས་ལོ་ཙཱ་བའི་རྗེས་སུ། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྗེ་གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། ༈ །བརྡ་ཆིག་བརྒྱུད་ཀྱི་མན་ངག་གི་ཡིག་སྐོར་གྱི་བརྒྱུད་པ་ནི། རྗེ་སེམས་དཔའ་ཆེན་པོ་ཡན་ཆད་གོང་དང་འདྲ། དེ་ནས་ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ་མན་གོང་དང་འདྲ། ཡང་ན་ངོར་ཆེན། ཀུན་དབང་། འདྲེན་མཆོག ས་ལོ་ཙཱ་བ་མན་གོང་བཞིན་ནོ། ༈ །བསྒྲུབ་པའི་ལུང་སྦྱིན་ཉམས་ལེན་མན་ངག་གི་བརྒྱུད་པ་ནི། ངོར་ཆེན། ཀུན་དབང་། འདྲེན་མཆོག ས་ལོ་ཙཱ་བ་མན་གོང་བཞིན། ཡང་ན་རྒྱལ་ཚབ་ཀུན་དབང་། ཀུན་མཁྱེན། རྗེ་སངས་རྒྱས་རིན་ཆེན། ས་ལོ་མན་གོང་བཞིན་ནོ། །དེ་རྣམས་ནི་རིང་བརྒྱུད་ཀྱི་སྐོར་རོ། ༈ །ཉེ་བརྒྱུད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པས་རྗེ་ས་ཆེན་ལ་གནང་བའི་ལྕགས་རི་ཁོང་མི་འདའ་བའི་ཟབ་ཆོས་བཞིར་གྲགས་པ་ལ། ཐོག་མར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་དང་། ཆོས་སྐོར་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་བསྒོམ་རིན་པོ་ཆེ། ཆོས་རྗེ་ཉན་ཆེན་པ། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་བཟང་། མུས་ཆེན། འཇམ་