R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣ན
[A:༥༣ན]རྗེ་ཡེ་ཤེས་དཔལ་བཟང་། རྒྱལ་སྲས་བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ཐོས་སོ། ༈ །མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཛཱེ་ཏ་རི། རྡོ་རྗེ་གདན་པ་སྐུ་མཆེད། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ་བ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་ཀུན་བཀྲས་པ། རྗེ་ངང་ཚུལ་བཟང་པོ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། བླ་མ་བློ་གྲོས་བཟང་པོ། སྐུ་ཞང་མཁྱེན་རབ་ཆོས་རྗེ། འགོས་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ལས་ཚོགས་ཀྱི་ཡི་གེ་རྙིང་མ་ཡོངས་རྫོགས་དང་། ས་ལོས་མཛད་པའི་མངོན་རྫོགས་ཆུང་ངུ་རྗེས་གནང་གི་ཐོབ་ཡིག་དང་བཅས་པ་ཐོས། ༈ །ཡང་སེང་གེའི་གདོང་ཅན་གྱི་སྒོམ་བཟླས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་རྒྱལ་འཕགས་པ་ཡན་ཆད་གོང་དང་འདྲ། དེ་ནས་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། འགྲོ་མགོན་