R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢བ
[A:༥༢བ]གཉིས་ཀ་ལ་བླ་མ་མལ་ལོ་ཙཱས་གསན། དེ་ནས་ས་ཆེན། གཉན་གཙུག་ཏོར་རྒྱལ་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཤར་པ་ཡེ་འབྱུང་། ཤར་པ་དུས་འཁོར་བ། ཀུན་དགའ་བྱང་ཆུབ། མཁན་པོ་རྒྱལ་བཟང་། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་ཀུན་དགའ་དབང་ཕྱུག་པ། འདྲེན་མཆོག རཏྣ་ཝརྡྷ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། ༈ །གདོན་སྒྲོལ་གྱི་བརྒྱུད་པ་ནི། ཤདྡྷ་ཀ་ར་ཝརྨ། ལོ་ཆེན། བྲག་སྟེང་པ། མལ་ལོ་མན་གོང་དང་འདྲ། སྒྲུབ་ཐབས་ཙནྡྲ་གོ་མིས་མཛད་པ་མལ་འགྱུར། རྨི་ལམ་བརྟག་པ། གཏོར་ཆོག་ཀླུ་སྒྲུབ་ཀྱིས་མཛད་པ། བསྟོད་པ་ཏི་ལ་ཀ་དང་། ཙནྡྲ་གོ་མིས་མཛད་པ། གདོན་སྒྲོལ་གྱི་ཆོ་ག་དཀར་ཤཱཀྱ་གྲགས་དང་། འཁོན་རིན་རྒྱལ་གྱིས་མཛད་པ། སྒྲུབ་ཐབས་རྗེས་གནང་གི་ཆོ་ག་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ཡང་ཐོས་སོ། ༈ །གྲུབ་ཆེན་མི་ཏྲ་ཛོ་གི་ནས་བརྒྱུད་པའི་ཚེ་དཔག་མེད་དཀར་པོའི་རྗེས་གནང་གི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། ལོ་ཀི་ཤྭ་ར། གྲུབ་ཆེན་མི་ཏྲ་ཛོ་གི པཎ་ཆེན་བུདྡྷ་ཤྲཱི། ཆག་ལོ་དགྲ་བཅོམ། གྲུམ་སྟོན་དར་མ་ཤེས་རབ། གྲུབ་ཐོབ་ལེགས་ལྡན་འོད། ཆོས་རྗེ་དཔལ་ཆེན་བཟང་པོ། ཆོས་