[A:༥༤ན]པོ། གཞོན་ནུ་རྒྱལ་མཚན། རྒྱལ་མཚན་དོན་གྲུབ། གཙང་པ་རིན་རྒྱལ། བྱ་བཏང་བོ་དྷིའི་མཚན། འཇམ་དབྱངས་རིན་གྲགས། བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཕྱག་ན་རྡོ་རྗེ་ཨཙྱའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ནཱ་ག་ཛུ་ན། པདྨ་བཛྲ། ཙནྡྲ་གོ་མི། རཱ་ཛ་དྷརྨ། ཟངས་གླིང་པ། ཁམས་པ་ཨ་སེང་། དཀོན་མཆོག་རྒྱ་མཚོ། ཇོ་སྲས་སྟག་ལ་མེ་འབར། སྟོན་པ་གྲགས་པ། དོན་ཞགས་པ། སློབ་དཔོན་ལྷ་རྩེ། ཆོས་གྲགས། ཨེ་པ་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། བླ་མ་རྒྱལ་འོད། སློབ་དཔོན་སྨྲ་བའི་སེང་གེ ཆོས་རྗེ་བྱང་ཆུབ་སེང་གེ ས་བཟང་འཕགས་པ། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །སྒྲུབ་ཐབས་རྗེས་གནང་དང་བཅས་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ཐོས་སོ། ༈ །ཡང་ཕྱག་ན་རྡོ་རྗེ་ཨུ་ཙརྻ་མེ་དབང་མ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། པདྨ་བཛྲ། ནཱ་གརྫུ་ན། ཙནྡྲ་གོ་མི། རཱ་ཛ་དྷརྨ། ཟངས་གླིང་པ། ཁམས་པ་ཨ་སེང་། ཞང་སྟོན་དཀོན་མཆོག་དཔལ། རུས་སྨོས་