R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤བ
[A:༥༤བ]མཁར་བ། སྐྱི་སྟོན་རུ་ཞང་། དཀོན་མཆོག་བློ་གྲོས། ཆོས་ཀྱི་གྲགས་པ། ཨེ་པ་འཁོན་སྟོན། ལོ་ཙཱ་བ་མཆོག་ལྡན། བླ་མ་རྒྱལ་འོད། སློབ་དཔོན་སྨྲ་སེང་། མཁན་ཆེན་བྱང་སེང་བ། ས་བཟང་འཕགས་པ། རྗེ་རྡོ་རྗེ་འཆང་། གུ་གེ་པཎྜི་ཏ། སྙུག་ལ་པཎ་ཆེན།་་་་་འདིའི་གོང་གི་བརྒྱུད་རིམ་ལ་འགའ་ཞིག་བརྟག་པར་བྱའོ། །རྗེ་དཔལ་ལྡན་རིན་ཆེན། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་རིན། དཔལ་རྒྱལ་བ་གྲུབ། ཆོས་རྗེ་འཛིམ་པ། ཆོས་རྗེ་སྤངས་ཁང་པ། སྒྲུབ་པ་པོ་བླ་མ་རིན་ཆེན་བརྩོན་འགྲུས། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན། ཁ་ཆར་མཁན་པོ་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ འདྲེན་མཆོག་མན་འདྲ། སྒྲུབ་ཐབས་རྗེས་གནང་། ནད་པ་གསོ་བ། སྟེང་གདོན་གཟིར་བ། ལུས་བསྲུང་བ། སེར་བ་བསྲུང་བ། ཕྱིར་བཟློག་རྣམས་ཀྱི་ཡི་གེ་རྙིང་མའི་ལུང་ཐོས་སོ། ༈ །ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རིགས་གཏད་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས་