R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥བ
[A:༥༥བ]རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དཔལ་མོ་ལུགས་ཀྱི་སྙུང་གནས་ཀྱི་ཆོ་ག་ཐོབ་པའི་བརྒྱུད་པ་ནི། སྤྱན་རས་གཟིགས་དབང་། དགེ་སློང་མ་དཔལ་མོ། པཎ་ཆེན་ཟླ་བ་གཞོན་ནུ། ཡེ་ཤེས་བཟང་པོ། བལ་པོ་པེན་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉིན་ཕུག་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། རྩི་འདུལ་བ་ཆེན་པོ། བདེ་བ་ཅན་པ། བྱང་སེམས་ཆུ་བཟང་པ། དེ་ནས་གཉག་ཆེན་པ། ཆོས་རྗེ་བསོད་ནམས་བཟང་པོ། རྗེ་ནམ་མཁའ་སངས་རྒྱས།
འདིའི་གོང་གི་བླ་མ་འགའ་བརྟག་པར་བྱའོ། །
རྗེ་དཀོན་མཆོག་རྒྱ་མཚོ། རྗེ་རྡོ་རྗེ་དཔལ་འབྱོར། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །གཉག་སྟོན་བསོད་ནམས་དབང་ཕྱུག་གིས་མཛད་པའི་སྙུང་གནས། བླ་མ་བརྒྱུད་པའི་རྣམ་ཐར། ཆོས་རྗེ་བསོད་ནམས་བཟང་པོས་མཛད་པའི་སྙུང་གནས་ཆོ་གའི་ལུང་ཡང་ཐོས། ༈ །ཡེ་ཤེས་ཁྱུང་ནག་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྒྱ་གར་གྱི་ཨ་ཙ་ར་དམར་པོས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་དངོས་སུ་གནང་། དེས་རྗེ་བཙུན་བསོད་ནམས་རྩེ་མོ་ལ། རྗེ་བཙུན་གྲགས་པ་རྒྱལ་མཚན། རོང་མི་ཉག་གྲགས་དཔལ། རོང་མི་སྦ་བ་ཅན་སངས་རྒྱས་དཔལ། རོང་མི་དར་མ་གྲགས། རོང་མི་སངས་རྒྱས་རྒྱལ་མཚན། རོང་མི་བསོད་ནམས་རྒྱལ་མཚན། ཤར་འབུམ་ཆུ་བ་དཔལ་ལྡན་གྲགས་པ། མཁན་ཆེན་ལྷུན་གྲུབ་པ། ཆོས་རྗེ་ནམ་མཁའ་ལེགས་པ། ཆོས་རྗེ་ཝ་གི་ཤྭ་རི། ངག་དབང་གྲགས་པ་དཔལ་བཟང་པོ། ཤར་སྦུ་ཆུ་བ་དཔལ་ལྡན་