R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦ན
[A:༥༦ན]གྲགས་པ།
འདི་གཉིས་ཀྱི་བར་དུ་བརྒྱུད་རིམ་འགའ་ཞིག་བཙལ་ལོ། །
འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་ཡི་གེ་སྦུ་ཆུ་བ་དཔལ་ལྡན་གྲགས་པས་མཛད་པའི་ལུང་ཡང་ཐོས་སོ། ༈ །གུར་མགོན་བླ་མ་དབྱེར་མེད་གུང་ཆེན་བཀྲ་ཤིས་དཔལ་བཟང་ནས་བརྒྱུད་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་མཁའ་འགྲོ་མ། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། པཎྜི་ཏ་ཤརྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། དཀོན་མཆོག་དཔལ་བ། ན་བཟའ་བྲག་ཕུག་པ། འགྲོ་མགོན་ཆོས་རྗེ། གུང་ཆེན་བཀྲ་ཤིས་བཟང་པོ། གྲགས་པ་བཤེས་གཉེན་པ། སངས་རྒྱས་བཤེས་གཉེན་པ། བྱམས་པ་ཆོས་ལེགས་པ། རྗེ་ཐུགས་རྗེ་དཔལ་བ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཤྲཱི་བཛྲ་མཧཱ་ཀཱ་ལ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་མཁའ་འགྲོ་མ། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཤརྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་