R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦བ
[A:༥༦བ]པོ། གུ་རུབ་རིན་ཆེན་བསོད་ནམས། མལ་ལོ་བློ་གྲོས་གྲགས། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་སྟོན་ཆོས་རྗེ། ན་བཟའ་བྲག་ཕུག་པ། པུཎྱ་མཚན་ཅན། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་རིན་ཆེན། རྗེ་ནམ་སངས། མཁན་ཆེན་ཆོས་དབང་། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །གཏོར་དབང་དང་རྗེས་གནང་གཉིས་ཀ་ལ་གཏོར་མ་ཟླུམ་གཏོར་མཛད། ༈ །གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་མཁའ་འགྲོ་མ། སློབ་དཔོན་བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། ཤརྡྷ་ཀ་ར། ལོ་ཆེན་རིན་བཟང་། གུ་རུབ་རིན་ཆེན་བསོད་ནམས། མལ་ལོ་བློ་གྲོས་གྲགས། ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཚུངས་མེད་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་