[A:༥༧བ]འཛིན་དཀོན་མཆོག་འཕེལ་བ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་མགོན་པོ་ཁྲོ་བཅུའི་རྗེས་གནང་གི་བརྒྱུད་པ་ནི། དམ་པ་ཀུན་དགའ་གྲགས་ཡན་ལྷ་བརྒྱད་དང་འདྲ་ཞིང་། དེ་ནས་བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། སྔགས་འཆང་གཟུངས་པ། བཟང་པོ་རྒྱལ་མཚན། དགེ་བ་རྒྱལ་མཚན། སངས་རྒྱས་མཆོག་པ། སྐྱེས་མཆོག་རྒྱལ་མཚན། བཀྲ་ཤིས་སེང་གེ རྗེ་བློ་གསལ་རྒྱ་མཚོ། རྗེ་བསྟན་པའི་རྒྱལ་མཚན། རྗེ་བྱམས་པ་རབ་བརྟན། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་རིགས་སྔགས་འཆང་བ་ངག་དབང་ཀུན་དགའི་མིང་ཅན་ལ་དགྱེས་བཞིན་དུ་གནང་ནས་ཡིག་ཆ་དེ་ཡང་འཕྲལ་དུ་བརྩམས་ནས་གཟིགས་ཕུལ་བས། རྗེ་བླ་མ་དེ་ཉིད་ཐུགས་རབ་ཏུ་དགྱེས་པའི་གསུང་དུ་མ་སྩོལ་བར་མཛད་པ་ལགས་སོ། ༈ །ཡང་དཔལ་དུར་ཁྲོད་ཀྱི་བདག་པོའི་རྒྱུད་གསང་བ་སྙིང་གི་འཁོར་ལོ་འདིའི་མན་ངག་གི་སྐོར་ལ། རྟེན་བཅའ་བ། བསྙེན་པ་བསྐྱལ་བ། དངོས་གྲུབ་བསྒྲུབ་པ། བདག་བསྲུང་། གཞན་བསྲུང་བ། གྲོང་ཁྱེར་གྱི་རིམས་དང་། དགྲ་ཀུན་བསྲུང་བ། ཤེས་རབ་བསྐྱེད་པ། རང་གཞན་གྱི་གདུག་པ་གཞོམ་པ། སྔགས་ལ་གཤམ་བུ་གདགས་པ། རིགས་སྔགས་བཟློག་པ། ལས་སྤྱིའི་སྒྲུབ་ཐབས། འབྲུ་སྤེལ་བ། མར་སྤེལ་བ། ཞིང་གི་ལོ་སྤེལ་བ། ཐབ་གཏེར་འཛུགས་པ། ཁ་ཟས་བསྡུ་བ། མི་བྱམས་