R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༨ན
[A:༥༨ན]པར་བྱ་བ། བདག་གི་དམག་བསྲུང་བ། གཞན་གྱི་དམག་བཟློག་པ། སྤྱིར་བསམ་པ་ཐམས་ཅད་བསྒྲུབ་པ། ནང་གཙང་གི་ཡམ་བསྲུང་བ། དུས་མིན་འཆི་བ་བཟློག་པ། ཕྱོགས་ཀྱི་དོན་སྒྲུབ་པ། སྲེའུ་གསོ་བ། དབང་བསྡུད་བྱ་བ། ཞིང་ལ་གནོད་པ་བསྲུང་བ། ཕྱུགས་ནད་བཅད་པ། ལམ་བསྲུང་བ། འདི་ལ་ལས་སྣ་སུམ་བཅུ་ཙམ་འདུག་པ་བཻ་རོ་ཙ་ནའི་ཞལ་གདམས་ས་ཆེན་པས་བསྒྲིགས་པ། ཡབ་ཡུམ་གྱི་རྟེན་སྐུ་སྦ་བ་ས་ཆེན་པས་མཛད་པ། མཆོད་གཏོར་འབུལ་བའི་ལས་བསྒྲིགས་སེང་གེ་རྒྱལ་མཚན་གྱིས་མཛད་པ། གཤམ་ན་ཇག་འཆིངས་དང་བཅས་པ་དེ་དག་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། མཁས་པ་བཻ་རོ་ཙ་ན། དཔལ་ཆེན་སྒ་ལོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་བསྒོམ་པ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། ཡར་ལུང་པ་སེང་གེ་རྒྱལ་མཚན། བླ་མ་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། བླ་མ་དཔལ་ལྡན་རྒྱལ་པོ། མུས་ཆེན་སངས་རྒྱས་རིན་ཆེན། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་རྗེ་བཙུན་འཕྲིན་ལས་ཀྱི་དབང་ཕྱུག་དེ་ཉིད་ཀྱི་དྲུང་དུ། ལུང་གི་བཀའ་དྲིན་མནོས་པ་ལ། ས་སྐྱ་པའི་ཡབ་ཆོས་སྒྲུབ་ཐབས་བརྒྱ་