[A:༥༨བ]རྩར་གྲགས་པ་སྒྲུབ་ཐབས་དགུ་བཅུ་རྩ་དྲུག པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། བ་རི་ལོ་ཙཱ་བས་བསྒྱུར་བའི་རྒྱ་གཞུང་གི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། དང་པོ་ཐུབ་པ་རྡོ་རྗེ་གདན་ལ་གཙོ་འཁོར་གསུམ། གཉིས་པ་བརྟན་པའི་འཁོར་ལོ་བྷ་བ་སྐནྡྷས་མཛད་པ། གསུམ་པ་ཡང་བརྟན་པའི་འཁོར་ལོ། བཞི་པ་ཚིག་ལྷུག་པའི་བརྟན་པའི་འཁོར་ལོ། ལྔ་པ་ཚིག་ལྷུག་པའི་ཨ་ར་པ་ཙ་ན་དཀར་པོ་པདྨས་མཛད་པ། དྲུག་པ་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔ་མི་ཕམ་བཤེས་གཉེན་གྱིས་མཛད་པ། བདུན་པ་འཕགས་པ་འཇམ་དཔལ་ཞལ་གསུམ་ཕྱག་དྲུག་པ། བརྒྱད་པ་འཇམ་པའི་རྡོ་རྗེ་གཙོ་འཁོར་ལྔ། དགུ་པ་ངག་གི་རྒྱལ་པོ་གཙོ་འཁོར་གཉིས། བཅུ་པ་རྒྱལ་པོ་རོལ་པ། བཅུ་གཅིག་པ་རིག་པ་འཛིན་པའི་སྡེ་སྣོད་ནས་གསུངས་པའི་འཇམ་དཔལ། བཅུ་གཉིས་པ་རིག་པ་འཛིན་པའི་སྡེ་སྣོད་ནས་བསྡུས་པའི་འཇམ་དཔལ། བཅུ་གསུམ་པ་ཡང་འཇམ་དཔལ། བཅུ་བཞི་པ་ཡན་ལག་མེད་པའི་འཇམ་པའི་རྡོ་རྗེ། བཅོ་ལྔ་པ་འཇམ་དབྱངས་ཆོས་དབྱིངས་གསུངས་དབང་། བཅུ་དྲུག་པ་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ། བཅུ་བདུན་པ་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པ། བཅོ་བརྒྱད་པ་འཇམ་དཔལ་ཤེས་རབ་འཁོར་ལོ། བཅུ་དགུ་པ་འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན་ལྷ་ལྔ། ཉི་ཤུ་པ་གཤིན་རྗེ་ནག་པོ་ཞལ་དྲུག ཉེར་གཅིག་པ་གཤིན་རྗེ་ནག་པོ་ཞལ་གསུམ་ཕྱག་དྲུག་པ། ཉེར་གཉིས་པ་གཤིན་རྗེ་གཤེད་དུ་ཛ་ན་བྷ་དྲས་མཛད་པ། ཉེར་གསུམ་པ་རྡོ་རྗེ་ཆོས། ཉེར་བཞི་པ་སེང་གེ་སྒྲ། ཉེར་ལྔ་པ་ཧ་ལ་ལྷན་སྐྱེས་རོལ་པས་མཛད་པ། ཉེར་དྲུག་པ་ཁརྶ་པ་ཎི་ལྷ་ལྔ་རྙོག་པ་མེད་པས་མཛད་