R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༩བ
[A:༥༩བ]ནུ་སྦས་པས་མཛད་པ། ང་བཞི་པ་གཏུམ་པ་ཆེན་མོ། ང་ལྔ་པ་རྡོ་རྗེ་ཧཱུྃ་མཛད། ང་དྲུག་པ་རི་ཁྲོད་ལོ་མ་ཅན་མ། ང་བདུན་པ་དབྱངས་ཅན་མ་དམར་མོ། ང་བརྒྱད་པ་བགེགས་དགྲ། ང་དགུ་པ་རལ་གཅིག་མ། དྲུག་ཅུ་པ་དུག་སེལ་མ། རེ་གཅིག་པ་རིག་བྱེད་མ། རེ་གཉིས་པ་བརྟག་པ་ལས་གསུངས་པའི་རིག་བྱེད་མ། རེ་གསུམ་པ་ཨུ་རྒྱན་གྱི་རིག་བྱེད་མ། རེ་བཞི་པ་ཨུ་རྒྱན་ནས་བྱུང་བའི་རིག་བྱེད་མ། རེ་ལྔ་པ་ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ས་ར་ཧས་མཛད་པ། རེ་དྲུག་པ་གནོད་གནས་དང་། ནོར་རྒྱུན་མ་གནོད་སྦྱིན་ཕོ་མོས་བསྐོར་བ། རེ་བདུན་པ་རྒྱ་ནག་རིམ་པའི་སྒྲོལ་མ་བརྟག་པའི་རྡོ་རྗེས་མཛད་པ། རེ་བརྒྱད་པ་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་པ། རེ་དགུ་པ་གཤིན་རྗེ་གཤེད་དམར་པོ་ཡབ་ཡུམ། བདུན་ཅུ་པ་སོ་སོར་འབྲངས་མ། དོན་གཅིག་པ་གཙུག་ཏོར་རྣམ་རྒྱལ། དོན་གཉིས་པ་རྨ་བྱ་ཆེན་མོ། དོན་གསུམ་པ་སྟོང་ཆེན་རབ་འཇོམས། དོན་བཞི་པ་གསང་སྔགས་རྗེས་འཛིན། དོན་ལྔ་པ་བསིལ་བའི་ཚལ་ཆེན་མོ། དོན་དྲུག་པ་ཕྱིར་བཟློག་མ་ཆེན་མོ། དོན་བདུན་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། དོན་བརྒྱད་པ་གཞན་གྱིས་མི་ཐུབ་པའི་རྣམ་རྒྱལ། དོན་དགུ་པ་རྡོ་རྗེ་གཎྜ་རི། བརྒྱད་ཅུ་པ་ནག་པོ་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། གྱ་གཅིག་པ་ལྕགས་སྒྲོག་མ། གྱ་གཉིས་པ་སྟོབས་པོ་ཆེ། གྱ་གསུམ་པ་གདུགས་དཀར་ཅན། གྱ་བཞི་པ་རྟ་མགྲིན། གྱ་ལྔ་པ་ཧེ་རུ་ཀ གྱ་དྲུག་པ་བདག་མེད་མ། གྱ་བདུན་པ་ཡང་བདག་མེད་མ། གྱ་བརྒྱད་པ་གསེར་མདོག་ཅན་གྱི་ཤེས་ཕྱིན། གྱ་དགུ་པ་རྡོ་རྗེ་ཕག་མོ། དགུ་བཅུ་པ་རིག་བྱེད་མ་དཀར་མོ་སྟེ་གྲངས་དང་གོ་