[A:༦༠ན]རིམ་འདི་རྣམས་རྗེ་བཙུན་ཆེན་པོས་མཛད་པའི་སྒྲུབ་ཐབས་ཀྱི་གཏད་རྒྱའི་ཡི་གེ་བཞིན་བཀོད་པ་ཡིན་ནོ། །དེ་དག་གི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་གཉིས། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་སྐྱ་པཎྜི་ཏ། བླ་མ་ཚོགས་བསྒོམ་པ། ཉན་ཆེན་བསོད་ནམས་བརྟན་པ། བསོད་ནམས་སྐྱབས་པ། གཟུངས་ཀྱི་དཔལ་བ། དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་བཟང་། །རྒྱལ་ཚབ་དམ་པ་ཀུན་དབང་པ། འདྲེན་མཆོག་རཏྣ་ཝརྡྷ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འདྲེན་མཆོག་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་མན་འདྲ། རྗེ་བཙུན་ཆེན་པོས་མཛད་པའི་སྒྲུབ་ཐབས་བསྡུས་པའི་ཡིག་སྣར་གྲགས་པའི་སྒྲུབ་ཐབས་སོ་སོའི་ཊིཀ་ཆུང་རེ་རེ། སྤྱིའི་རྣམ་གཞག་ས་བཅད་དང་བཅས་པ་ཐོས་སོ། །ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་ཐོབ་པའི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཆོས་རྒྱལ་རིགས་ལྡན། དུས་ཞབས་པ་རྣམ་གཉིས། ཁ་ཆེ་ཟླ་བ་མགོན་པོ། འབྲོ་སྟོན་ལོ་ཙཱ་བ། བྲག་བསྒོམ་དཀོན་མཆོག་བསྲུང་བ། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཐོབ་ཡུ་མོ། དྷརྨེ་ཤྭ་ར། སྤྲུལ་སྐུ་ཇོ་འབུམ། ནམ་མཁའ་འོད་ཟེར། ནམ་མཁའ་རྒྱལ་མཚན། བོ་དོང་རིན་རྩེ། འཛིམ་པ་རིན་