R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡ན
[A:༥༡ན]ནི། རྫོགས་པའི་སངས་རྒྱས། འཇམ་དཔལ། འཕགས་པ་ཀླུ་སྒྲུབ། ཀླུ་བྱང་། ཌོམྦྷི་པ། འཇམ་དཔལ་གྲགས་པ། སེའུ་རི་པ། རྡོ་རྗེ་གདན་པ་གསུམ། སོ་མ་ཤྲཱི། ར་ཧུ་ལ་བྷ་དྲ། བི་མ་ཤྲཱི། བྷེ་ན་དྷ་རི་པ། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། ལྷོ་པ་ཀུན་མཁྱེན། སྤང་སྒང་གྲགས་རྒྱལ། ཤང་པ་གྲགས་སེང་། ཞལ་སྔ་བསོད་རིན། དཔྱལ་སྟོན་གཞོན་དབྱེ། ཤེས་རབ་དཔལ་བ། དགེ་སློང་ཀུན་ཉི། བག་སྟོན་གཞོན་ཚུལ། ཀུན་སྤངས་ཆོས་གྲགས་མན་ཆད་གོང་དང་འདྲ། ཡང་། རྗེ་བླ་མ་དེ་ཉིད་ཀྱི་དྲུང་དུ། བླ་མ་ས་སྐྱ་པ་ཆེན་པོའི་བཀའ་འབུམ་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ལམ་འབྲས་བརྒྱུད་པའི་གསོལ་འདེབས། བིརྺ་པ་ཞལ་གཟིགས་དུས་བསྟོད་པ། ཞང་སྟོན་དགོན་པ་བའི་བསྟོད་པ། རྒྱུད་ཀྱི་སྔོན་འགྲོ་ཚུལ་བཞིའི་ནང་ནས། དང་པོ་སྟོན་པའི་སྤྱི་རྣམ་ཆུང་ངུ་།
འདི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་སྤྱི་རྣམ་ཆེན་མོའི་ནང་ན་ཚང་བར་ཡོད།
བརྟག་གཉིས་ཀྱི་ས་བཅད། བརྟག་གཉིས་ཀྱི་ཚིག་འགྲེལ་མངའ་རིས་པ་གསལ་བའི་སྙིང་པོས་མཛད་པ། བརྟག་གཉིས་དཀའ་འགྲེལ་འཁོན་སྒྱི་ཆུ་བས་མཛད་པ། འདི་གཉིས་རང་ལུགས་ལ་རྒྱུད་ཀྱི་ཡིག་ཆ་ཁུངས་ཐུབ་ཡིན་པས་གཅེས་སྤྲས་སུ་བྱས་ཏེ་ལུང་རྒྱུན་མི་ཉམས་པར་བྱ་བའི་ཕྱིར་འདིར་བཞུགས་པ་ཡིན། ས་ཆེན་རང་གིས་མཛད་པའི་བརྟག་གཉིས་ཀྱི་དཀའ་འགྲེལ་གྱི་མན་ངག་དོན་གསལ་བྱ་བ་ཤོག་གྲངས་ཉེར་བདུན། རྡོ་རྗེ་གུར་གྱི་ཐོ་ཡིག འདི་ལས་འབུམ་ལྔ་དང་། རྩ་བཤད་སྦྱོར་ཚུལ་དང་། ལེའུ་གང་ལས་བརྗོད་བྱ་གང་བསྟན་ཡོད། གུར་གྱི་བཤད་པའི་ཆིངས་རྡོ་རྗེའི་