R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠བ
[A:༥༠བ]ཤེ། བླ་མ་བློ་ཆེན། མཁན་པོ་རྒྱལ་བཟང་དཔལ། ཀུན་མཁྱེན་གངས་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་། རྗེ་བཙུན་ཀུན་དབང་། འདྲེན་མཆོག་དཀོན་མཆོག་འཕེལ། འཇམ་དབྱངས་སངས་རིན། རྗེ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །རྗེ་བཙུན་ཆེན་པོས་མཛད་པའི་མཚན་བརྗོད་འདོན་ཐབས་ཀྱང་ལེགས་པར་ཐོས་སོ། ༈ །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་། བྱམས་པའི་སྨོན་ལམ་གཉིས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ། ཀུན་དགའ་བོ། རཀྵི་ཏ། ཀྲྀ་ཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པ། འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། འཇམ་དཔལ་གྲགས་པ། ཆོས་འབྱུང་ཞི་བ། རྡོ་རྗེ་གདན་པ་ཆེ་འབྲིང་གསུམ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང་། པདྨོ་ཅན་པ།
དཔྱལ་ཨ་མོ་གྷ།
མཁན་པོ་གཞོན་ཡེ། རོང་པ་ཤེས་རབ་སེང་གེ བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཀུན་སྤངས་ཆོས་གྲགས། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་བཙུན་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བརྒྱུད་པ་ལུགས་གཅིག་