R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣ན
[A:༦༣ན]རིན་ཆེན་ལ་བསྟོད་པ། བྱང་སེམས་རིན་ཆེན་མགོན་ལ་བསྟོད་པ་གཉིས། དཔང་ལོ་ཙཱ་བ། བུ་སྟོན་རིན་པོ་ཆེ། འགྲོ་མགོན་བསོད་ནམས་རྒྱལ་མཚན་པ་རྣམས་ལ་བསྟོད་པ་རེ་རེ། ལྷན་ཅིག་སྐྱེས་སྦྱོར། སྨར་ཁྲིད། བློ་སྦྱོང་། རྟེན་འབྲེལ་སྙིང་པོ། བསྙུང་གནས། དོན་ཞགས། དབུ་མ་ལུགས་དང་། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད། སོ་ཐར་སྡོམ་རྒྱུད། སུམ་པ་ལོ་ཙཱ་བའི་སྙན་བརྒྱུད། སྐྱིད་སྡུག་ལམ་ཁྱེར། སྙིང་པོ་དོན་གསུམ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་རེ་རེ། ཕྱོགས་བཅུའི་སངས་རྒྱས། སྨན་བླའི་ཚོགས། བྱང་སེམས་བཅུ་དྲུག ཇོ་བོ་རིན་པོ་ཆེ། འཇམ་པའི་དབྱངས་རྣམས་ལ་བསྟོད་པ་རེ་རེ། སྤྱན་རས་གཟིགས་ལ་གཉིས། བྱམས་པ་དང་སྒྲོལ་མ་གཉིས་ལ་རེ་རེ། རྒྱལ་སྲས་ལག་ལེན། ཆོས་བསྐུལ་ཤླཽ་ཀ་རེ་རེ་མ་གཉིས། ཆོས་བསྐུལ་རིན་ཆེན་ཕྲེང་བ། ཆོས་བསྐུལ་རིན་ཆེན་རྒྱན། རང་ལ་གྲོས་འདེབས། གྲོས་འདེབས་ཨང་དྲུག་མ། སློབ་མ་རྣམས་ལ་སྙིང་གཏམ་གསུངས་པ། རང་ལ་བསྐུལ་བ་ཆེ་ཆུང་གཉིས། ཇོ་བོ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག སེམས་བསྐྱེད་རང་གིས་བླངས་པའི་ཆོ་ག སྤྱོད་འཇུག་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག སྙུང་གནས་ཀྱི་ཆོ་ག བློ་སྦྱོང་དོན་བདུན་མ། རྟེན་འབྲེལ་སྙིང་པོ། སྐྱིད་སྡུག་ལམ་ཁྱེར་རྣམས་ཀྱི་ཁྲིད་ཡིག་རེ་རེ། ཀུན་རིག ཐུགས་རྗེ་ཆེན་པོ། འོད་དཔག་མེད་རྣམས་ཀྱི་མངོན་རྟོགས་རེ་རེ། ཐུགས་རྗེ་ཆེན་པོའི་བྲུལ་གཏོར། ཆོས་སྤྱོད་དང་གཏོར་མའི་རིམ་པ། བྱང་སེམས་རིན་ཆེན་མགོན་གྱི་ནང་རྟེན་གྱི་དཀར་ཆག བསོད་ནམས་འོད་ཟེར་ལ་གདམས་པ། གཡུང་